ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་དྭངས་གསལ་དུས་ཆེན་གྱི་གཤིན་མཆོད་དུར་ཕྱགས་བྱ་བར་སྤྱི་འདོམས་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས《2022ལོའི་དཔྱིད་མཉམ་དྭངས་གསལ་དུས་ཆེན་གྱི་གཤིན་མཆོད་དུར་ཕྱགས་བྱ་བའི་སྐོར་གྱི་བརྡ་སྦྱོར》བཏང་སྟེ། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་འགོག་སྡོམ་གནས་བབ་ཞིབ་འཇུག་བསྡུར་གཅོད་ལེགས་པོ་བྱས་པ་དང་། དཔྱིད་མཉམ་དྭངས་གསལ་དུས་ཆེན་གྱི་གཤིན་མཆོད་དུར་ཕྱགས་བྱ་བར་སྤྱི་འདོམས་བཀོད་སྒྲིག་བྱས་ནས། མང་ཚོགས་ཀྱི་བདེ་འཇགས་ཕྱི་བསྐྱོད་དང་དཔལ་ཡོན་དང་ལྡན་པའི་གཤིན་མཆོད་དུར་ཕྱགས་ལ་ཁག་ཐེག་བྱས། 

རང་ཞིང་གི་མང་ཚོགས་ཀྱི་གཤིན་མཆོད་དུར་ཕྱགས་ཀྱི་གོམས་སྲོལ་ལྟར། དཔྱིད་མཉམ་གྱི་སྔ་རྗེས་ནི་མང་ཚོགས་ཀྱི་མེས་པོའི་དུར་མཆོད་ཆེས་མང་བའི་སྐབས་ཡིན་ལ། དངོས་ཡོད་གནས་ཚུལ་དང་བསྟུན་ནས་དྭངས་གསལ་དུས་ཆེན་བར་དུ་རྒྱུན་བསྲིངས་ཡོང་། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནགས་རྩྭ་ཅུའུ་གཉིས་ཀྱི་མཉམ་འབྲེལ་སྒོས《དཔྱིད་མཉམ་དང་དྭངས་གསལ་དུས་ཆེན་སྐབས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་དཔལ་ཡོན་ལྡན་པའི་དུར་མཆོད་འབོད་སྐུལ་ཡི་གེ》བཏང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཔྱིད་མཉམ་དྭངས་གསལ་དུས་སྐབས་སུ་དཔལ་ཡོན་ལྡན་པའི་གཤིན་མཆོད་དུར་ཕྱགས་དང་བདེ་འཇགས་ཀྱིས་མེ་སྤྱོད་པར་རྒྱ་ཁྱབ་ཏུ་སྐུལ་སློང་བྱས། ས་གནས་སོ་སོས་སྔོན་ལ་ཇུས་འགོད་བཀོད་སྒྲིག་བྱེད་པ་དང་། ས་གནས་ཀྱི་དངོས་ཡོད་དང་བསྟུན་ནས་གཤིན་མཆོད་དུར་ཕྱགས་ཀྱི་འགན་སྲུང་ཇུས་གཞི་གཏན་འཁེལ་བྱེད་པ། མདུན་གྲལ་ནས་བཀོད་འདོམས་བྱེད་པ་དང་སྟོབས་ཤུགས་ཡུལ་དངོས་ལ་སླེབས་པ། དུར་འཇུག་ཞབས་ཞུ་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་། མེ་ཟོན་དོ་དམ་ཚོད་འཛིན། རིམས་ནད་འགོག་སྡོམ་རྐྱེན་ངན་གྲལ་བཤེར་ཆེན་མོ་བཅས་ངེས་པ་དོན་གྱིས་ལེགས་པར་སྒྲུབ་པ། དུས་ལྟར་དཔྱིད་མཉམ་ནས་བཟུང་མང་ཚོགས་ཀྱི་གཤིན་མཆོད་དུར་ཕྱགས་གནས་ཚུལ་སྤྱི་སྡོམ་བྱས་ཏེ། དངོས་ཡོད་གནས་ཚུལ་དང་བསྟུན་ནས་དུས་ལྟར་འགན་སྲུང་བྱེད་ཐབས་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།