ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་བཅོལDRG/DIPརིན་སྤྲོད་རྣམ་པར་བཅོས་སྒྱུར་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ནས་ཤེས་གསལ་ལྟར་ན། མང་ཚོགས་ལ་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུར་འགན་སྲུང་བྱེད་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་བེད་སྤྱོད་ནུས་ཕྱོད་མཐོར་འདེགས་པ། སྨན་བཅོས་སྒྲིག་གཞིར་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་ཆར། རང་ཞིང་གི་སྨན་བཅོས་འགན་བཅོལ་གྱིDRG/DIPརིན་སྤྲོད་བཅོས་སྒྱུར་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས། 

ཤེས་གསལ་ལྟར་ན། DRG/DIPརིན་སྤྲོད་རྣམ་པ་ནི། ས་ཁོངས་སྨན་བཅོས་འགན་བཅོལ་སྤྱི་འབོར་གྱི་སྔོན་རྩིས་དོ་དམ་གྱི་སྔོན་འགྲོའི་འོག གསར་དུ་བཏོན་པའི་སྨན་བཅོས་འགན་བཅོལ་གྱི་དངུལ་སྤྲོད་ཐབས་ཀྱི་རྣམ་པ་གསར་པ་ཞིག་ཡིན། སྲོལ་རྒྱུན་གྱི་དངུལ་སྤྲོད་རྣམ་པ་དང་བསྡུར་ན། DRG/DIPརིན་སྤྲོད་བཅོས་སྒྱུར་གྱིས་དངུལ་སྤྲོད་ཐབས་སྔར་ལས་ཚན་རིག་ལུགས་མཐུན་དང་། སྨན་བཅོས་སྒྲིག་གཞིའི་བརྟག་བཅོས་ཞབས་ཞུ་སྔར་ལས་ཚད་ལྡན་དུ་བཏང་ཡོད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།