ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི5Gསྦྲེལ་ཚུགས་ཀྱི་གྲངས་འབོར6438ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས2021ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་བའི་གསར་འགྱུར་བརྡ་ཁྱབ་ཚོགས་འདུའི་སྟེང་ནས་ཤེས་གསལ་བྱུང་བར། 2021ལོར་མཚོ་སྔོན་ཞིང་ཆེན་གྱི5Gསྦྲེལ་ཚུགས་ཀྱི་གྲངས་འབོར6438ལ་སླེབས་པ་དང་། 5Gདྲ་རྒྱ་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གཙོ་གནད་ཁུལ། ཚོང་ལས་ཁུལ་སོགས་གླེང་མང་བའི་ས་ཁོངས་དང་དེ་བཞིན་ཤང་གྲོང་དང་ཁྲོམ་གཞུང98.6%ལ་ཁྱབ་ཡོད།

2021ལོར་མཚོ་སྔོན་ཞིང་ཆེན་གྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར16.58བཏང་ནས། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་དང4Gདྲ་རྒྱ100%ཁྱབ་ཡོད། འོད་སྐུད་མཐུད་སྣེ་ཁྲི436.55ལ་སླེབས་པ་དེ་ལོ་སྔོན་མ་ལས་ཁྲི33འཕར་ནས། གཏན་འཇགས་དྲ་སྦྲེལ་འབྲེལ་མཐུད་ཀྱི་མཐུད་སྣེའི97.94%ཟིན་པས། རྒྱལ་ཡོངས་ཀྱི་ཨང3པར་སླེབས་ཡོད། ཀྲའོ་སྟོང་ཡན་གྱི་ཐགས་ཡངས་དྲ་བ་སྤྱོད་མཁན་གྱི་དུད་ཚང་ཁྲི13.73ལ་སླེབས་པ་དེ་ལོ་མགོ་ལས་དུད་ཚང་ཁྲི12.71འཕར་ནས། ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་ཀྱི“ཀྲའོ་སྟོང་གི་གྲོང་ཁྱེར”ཐོག་མར་བདེ་བླག་ངང་བདམས་ཐོན་བྱུང་། 

དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་འཕྲིན་གཏོང་ཞབས་ཞུའི་ཤེས་ཚོར་མཐོར་གཏོང་འགུལ་སྐྱོད་སྤེལ་ནས་འགྲོ་གྲོན་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ལས་སྒོའི་ཕྱིར་ཚོང་ཁྱབ་གདལ་བྱེད་སྒོ་ཚད་ལྡན་དུ་གཏོང་བ། 5Gཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། འགྲུལ་པར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གཙོ་གནད་ལས་འགན་ཁག14བཏོན་པ་མ་ཟད། དེ་དོན་འཁྱོལ་བྱེད་པར་དམ་འཛིན་བཟང་པོ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།