ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ལས་བྱེད་པ་སྐོར་ཞིག་གོ་གནས་མ་ཁུར་གོང་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམས་སྒྲུག་བསྐོ་བཞག་བྱ་བའི་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་ལྟར། ད་ལྟ་འདེམས་སྒྲུག་བྱས་པའི་མགོ་ཁྲིད་ལས་བྱེད་པ་ཡོངས་བསྒྲགས་བྱེད་རྩིས་ཡོད་པ་གཤམ་གསལ་ལྟར།

ཕུར་བུ་རྒྱ་མཚོ། ཕོ། བོད་རིགས། 1973ལོའི་ཟླ12པར་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་བསླབ་གནས་ལྡན། ད་ལྟ་ཡུས་ཧྲུའུ་ཁུལ་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་ཡོད་པ་དང་། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་གཞག་བྱ་རྒྱུ།

བཀྲ་ཤིས་ཚུལ་ཁྲིམས། ཕོ། བོད་རིགས།1 974ལོའི་ཟླ2པར་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་བསླབ་གནས་ལྡན། ད་ལྟ་ཡུས་ཧྲུའུ་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའམ། ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན་བཅས་འགན་ཁུར་ཡོད་ལ། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་གཞག་བྱ་རྒྱུ།

ལི་ཡུང་ཆུན། ཕོ། བོད་རིགས། 1970ལོའི་ཟླ6པར་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་བསླབ་གནས་ལྡན། ད་ལྟ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་། སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་། རིམ་པ་གཉིས་པའི་མཐོ་རིམ་དམག་དཔོན་བཅས་ཀྱི་འགན་ཁུར་ཡོད་ལ། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བསྐོ་གཞག་བྱ་རྒྱུ།

ཟླ་བ་བཀྲ་ཤིས། ཕོ། བོད་རིགས། 1977ལོའི་ཟླ2པར་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་བསླབ་གནས་ལྡན། ད་ལྟ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ཨུའམ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་འགན་ཁུར་ཡོད་ལ། གྲོང་ཁྱེར་དང་རྫོང་གི་ཧྲུའུ་ཅི་གཞོན་པར་བསྐོ་གཞག་བྱ་རྒྱུ།

ཡོངས་བསྒྲགས་བྱེད་པའི་དུས་ཚོད་ནི2022ལོའི་ཟླ3པའི་ཚེས14ཉིན་ནས་ཚེས18ཉིན་བར་ཡིན་ལ། ཡོངས་བསྒྲགས་བྱེད་པའི་སྐབས་སུ་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁ་པར་དང་། འཕྲིན་ཡིག  ངོ་བཅར་སོགས་ཀྱི་རྣམ་པ་བརྒྱུད་དེ། མིང་འགོད་སྤྱི་བསྒྲགས་བྱ་ཡུལ་གྱི་ཀུན་སྤྱོད་དང་། ནུས་པ། ལས་ཀར་བརྩོན་པ། གྲུབ་འབྲས། སྤྱོད་པ་སོགས་ཐད་ཀྱི་གནས་ཚུལ་དང་གནད་དོན་དྲང་གཞག་སྒོས་ཡར་ཞུ་བྱ་ཆོག སྡོད་གནས། ཀྲུང་གུང་ཡུས་ཧྲུའུ་ཁུལ་ཏང་ཨུ་རྩ་འཛུགས་པུའུ་ལས་བྱེད་པའི་ལྟ་སྐུལ་ཁོའོ།

ཁ་པར།(0976) 12380  8829809  འཕྲིན་ཐུང་།13909762380

ཀྲུང་གུང་ཡུས་ཧྲུའུ་ཁུལ་ཏང་ཨུ་རྩ་འཛུགས་པུའུ། 2022ལོའི་ཟླ3པའི་ཚེས13ཉིན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།