ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་རྣམ་པ་བཟང་ཕྱོགས་སུ་འཕེལ་སྟངས་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། 2021ལོར། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་དང་། ཆུ་བྱ་འཚོ་སྡོད། དགོ་ཁྱུའི་གྲངས་ཀ་བཅས་འཕེལ་བ་མངོན་གསལ་ཡིན་ཞིང་། འཇིག་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེན་གྱི་སྲུང་སྐྱོང་བྱེད་ཚད90%ཡན་ལ་སླེབས། སྐྱེ་དངོས་སྣ་མང་རང་བཞིན་སྔར་ལས་ཕུན་སུམ་ཚོགས་པར་གྱུར་ནས། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་རྣམ་པ་བཟང་ཕྱོགས་སུ་འཕེལ་པའི་རྣམ་པ་མངོན། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་རྩོམ་པའི་ལོ་ལ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་སྤྱི་ཁྱབ་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་མོས་དོན་འཁྱོལ་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་ཡིད་ལ་དམ་པོར་བཟུང་ནས། སྐྱེ་ཁམས་གཞི་གཅིག་ཏུ་སྲུང་སྐྱོང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོར། མཚོ་སྔོན་པོའི་ཆུ་ངོས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ4625.6ལ་སླེབས་པ་དང་། 2020ལོ་ལས་སྟོང་སྨི་གྲུ་བཞི་མ36.79འཕེལ། ཆུ་གནས་སྨི0.07ཡར་འཕགས། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི10.85ལ་སླེབས་པ་དང་། 2020ལོ་ལས་ཏུན་ཁྲི0.81འཕར། དགོ་ཁྱུའི་གྲངས་ཀ2020ལོའི2700ལྷག་ནས2800ལྷག་ལ་འཕེལ་བ་དང་། སྲུང་སྐྱོང་གི་ཐོག་མའི་དུས་སྐབས་ཀྱི་ལྡབ11ལ་སླེབས། དགོ་དམར་གྱི་འཚོ་གནས་ཁྱབ་ཁོངས་ཀྱི་ཆ་སྙོམས་གཟན་རྩའི་སྐྱེ་དངོས་ཀྱི་ཚད་དང་བེད་སྤྱོད་བྱེད་རུང་གི་སྐྱེ་དངོས་ཀྱི་ཚད2020ལོ་ལས6.69%དང5.33%འཕར་ཡོད།

མིག་སྔར། 《མཚོ་སྔོན་པོའི་ཆུ་ཁོངས་སྐྱེ་ཁམས་སྲུང་སྐྱོང་འཆར་འགོད》དང་། 《མཚོ་སྔོན་པོའི་ཆུ་ཁོངས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》 《མཚོ་སྔོན་པོའི་ཆུ་ཁོངས་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་མ་ལག་འཆར་འགོད》བཅས་སྒྲིག་བཟོ་གྲུབ་པ་དང་། 《མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱ་བའི་ཇུས་གཞི》དང་། 《སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་ཚད་ལྡན》བཅས་གཏན་འབེབས་དང་ལག་བསྟར་བྱས་ལ། གཙོ་གནད་སྲུང་སྐྱོང་ས་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱས་ཤིང་། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་ལོ་འཁོར་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུ》ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།