ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཕྱིར་ཟི་ལིང་དུ་ཐོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་ཕྱིར་ཟི་ལིང་དུ་ཐོན།

གྲོས་ཚོགས་སྐབས་སུ། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་བློ་འདོན་ཇུས་འབུལ་བྱས་པ་དང་འགན་སྒྲུབ་ནན་མོ་བྱས་ལ། སྤྱི་ཡོངས་ཀྱི་མཐོ་ཚད་ལ་དམིགས་པ་དང་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། མི་དམངས་ཀྱི་འདོད་བློ་དང་སེམས་འདུན་མཚོན་པར་བྱས་པ་དང་། གཏན་ཁེལ་བྱས་པའི་བརྒྱུད་རིམ་ལྟར་བསྡོམས་པས་གྲོས་གཞི་རེ་དྲུག་སྤྲད།
འཐུས་མི་ཨ་ཧྲིན་ཆེན་གྱིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་བདེན་འཚོལ་དངོས་གཉེར་དང་བཅོས་བསྒྱུར་གསར་གཏོད། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་རེད། གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པ་དེས། ང་ཚོར་མུ་མཐུད་དུ་མདུན་དུ་བསྐྱོད་པའི་འབོད་སྐུལ་བཏང་། བྱ་བའི་ལས་རྐང་སྟེང་དུ་ཕྱིར་ལོག་རྗེས། ང་ཚོས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་། སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་སྟེ། གྲོས་ཚོགས་ཀྱི་དགོངས་དོན་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པའི་བྱེ་བྲག་གི་ལག་ལེན་དུ་བསྒྱུར་རྒྱུ་ཡིན།
འཐུས་མི་ཤ་བོ་སྒྲོལ་མས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། འཐུས་མིའི་བགྲོད་ལམ་བརྒྱུད་དེ་མཚོ་སྔོན་གྱི་སེམས་གཏམ་བསྒྲགས་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་བཤད་ལ། དེ་ནི་ངའི་མི་ཚེ་གང་བོར་བརྗེད་དཀའ་བའི་བརྒྱུད་རིམ་ཞིག་ཡིན། ཕ་ཡུལ་དུ་ལོག་རྗེས། ངས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་། ཧུར་ཐག་གིས་འགན་སྒྲུབ་བྱེད་རྒྱུ་ཡིན་ལ། ཉིན་རྒྱུན་གྱི་བྱ་བའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ། ཡུལ་མི་རྣམས་ཀྱི་ཡིད་ཆེས་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་ཁོ་ཐག་ཡིན།
འཐུས་མི་ཚོས་མཐའ་གཅིག་ཏུ། མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་དང་། གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དྲིལ་སྒྲོག་བྱེད་པ། གནས་ཚུལ་དངོས་ལ་རྐང་བཙུགས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།