ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཧའེ་ཁུན་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་དང་ནུས་གསོག་གློག་འདོན་ས་ཚིགས་ཀྱི་ལས་གཞིའི་རྟོག་ཞིབ་སྐུལ་འདེད་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྱིས་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་དང་ནུས་གསོག་གློག་འདོན་ས་ཚིགས་ཀྱི་ལས་གཞིའི་རྟོག་ཞིབ་སྐུལ་འདེད་ཚོགས་འདུའི་སྟེང་ལས་གཞི་ལག་བསྟར་བྱས་པའི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན།

ཧུའུ་ཧའེ་ཁུན་གྱིས་ནན་གྱིས་བསྟན་དོན། བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས་བཏང་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལས་གཞི་ལ་གསར་གཏོད་རང་བཞིན་དང་སྔོན་ཁྲིད་རང་བཞིན། ཚོད་ལྟའི་རང་བཞིན་བཅས་ལྡན་པས་རང་ཞིང་གིས་དག་གཙང་ནུས་ཁུངས་ཀྱི་མཐོ་ས་བསྐྲུན་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་གཞི་འཛུགས་སྐྲུན་ཐད་སྐུལ་འདེད་གཏོང་དགོས། དཀའ་གནད་སེལ་བའི་ཁྲོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གནས་པའི་འབུར་ཐོན་གནད་དོན་ཕྱོགས་བསྡུས་ལེགས་སྒྲིག་རིམ་སྒྲིག་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་མཐུན་སྒྲིལ་མཉམ་ལས། ཕྱོགས་མང་འབྲེལ་མཐུད། བློ་གྲོས་གཅིག་སྡུད། དཀའ་གནད་སེལ་བ་བཅས་བྱས་ཏེ་མཉམ་དུ་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པའི་ཐད་སྐུལ་འདེད་གཏོང་དགོས། འགན་འཁྲི་དོན་འཁྱོལ་བྱེད་པའི་ཁྲོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བྱ་བའི་ཆེད་སྦྱོང་འཛུན་གྲྭ་འཛུགས་པ་དང་བྱ་བའི་རྐྱེན་སྲོལ་འཛུགས་པ། བྱ་བའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། ལས་གཞི་ལག་བསྟར་ལས་ཁུངས་ཀྱིས་ངེས་པ་དོན་གྱིས་འགན་འཁྲི་ཏན་ཏིག་འཁུར་བ། འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། རང་འགུལ་གྱིས་མདུན་གྲལ་དུ་བྱ་བ་བསྒྲུབ་པ་བཅས་བྱས་ཏེ་ལས་གཞིའི་དམིགས་འབེན་ལས་འགན་སོ་སོ་ལག་བསྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།