ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་བྱེད་ཐབས་སྣ་ལྔ་སྤྱད་དེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ3པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་དང་པོའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པའི་སྐོར་གྱི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་ཚོགས་གཙོ་བོའི་ལས་ཞུགས་རོགས་སྐྱོར་འབུར་དུ་ཐོན་པར་བྱེད་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་ཞུགས་གནས་བབ་ལྟ་ཞིབ་བཀོད་གཏོང་དང་ལས་ཞུགས་ལས་སྐྲུན་ཆེད་དོན་འཆར་གཞི་ལག་བསྟར་བྱེད་པ། ལས་ཞུགས་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་བྱ་བའི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། གསོ་སྦྱོང་དངོས་སྦྱོང་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ། ལས་ཞུགས་ཆ་འཕྲིན་དང་ལས་ཞུགས་དགོས་མཁོའི་སྦྲེལ་མཐུད་སྲིད་ཇུས་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་ཐབས་སྣ་ལྔ་སྤྱད་དེ། སྟོབས་ཤུགས་ཡོད་རྒུས་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་བརྒྱ་ཆའི་གྱ་ལྔའི་ཡན་དུ་སླེབས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།