ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ཡུའེ་ཞ་ཡིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞཱ་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་གྲོས་གཞི་གཙོ་བོའི་བྱ་བ་སྤེལ་བར་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས། 

གཏེར་ལེན་ཁ་གྲོང་ཁྱེར་དང་ཏུའུ་ལན་རྫོང་། ཝུའུ་ལན་རྫོང་བཅས་ནས་ཀྲའོ་ཡུའེ་ཞཱ་ཡིས་ཡུལ་དངོས་ནས་དག་གཙང་ནུས་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཞིབ་ཚགས་ལས་སྣོན། རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། 

ཏུའུ་ལན་རྫོང་གི་ཆུ་ཁོལ་གནའ་བོའི་བང་སོ་དང་པཎ་ཆེན་བཞུགས་ཤག ཝུའུ་ལན་རྫོང་གི་མཚོ་བོད་རྔ་མོང་རུ་ཁག་གི་ལོ་རྒྱུས་འགྲེམ་སྟོན་ཁང་སོགས་ནས། ཀྲའོ་ཡུའེ་ཞཱ་ཡིས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་ཀྱི་སྔོག་འདོན་བེད་སྤྱོད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དགོན་སྡེ་རུ་དར་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། གཏེར་ལེན་ཁ་གྲོང་ཁྱེར་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གཞི་རིམ་གྱི་དྲིལ་སྒྲོག་ལས་བྱེད་པའི་བར་བརྗེ་རེས་ཟབ་མོ་བྱས། ཏང་གི་མང་ཚོགས་ཀྱི་རྨང་གཞི་དང་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲ་བར་ཤུགས་སྣོན་བྱས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ལོ་རྒྱུས་རིག་དངོས་ཀྱི་མ་ལག་རང་བཞིན་ལྡན་པའི་སྲུང་སྐྱོབ་ལ་ཤུགས་སྣོན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་བསྣན་ནས་ལོ་རྒྱུས་ཀྱི་རྒྱུན་འཛིན་པ་དང་སྙིང་སྟོབས་ཀྱི་ཁྲག་རྒྱུན་འཛིན་དགོས། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། མི་རིགས་སོ་སོའི་སྙིང་སྟོབས་གཅིག་འབྲེལ་དང་མི་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།