ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འདྲེས་ཀྱི་ལམ་ནས་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཟི་ལིང་གྲོང་ཁྱེར་ཏ་ཐུན་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས“མི་དམངས་ཡོངས་རྫོགས་གངས་འཁྱགས་རྩེད་འཇོར་རོལ།། ཏ་ཐུན་ཡུལ་ནས་དགུན་དུས་ཨོ་རྩལ་བསུ།།”ཞེས་པ་བརྗོད་དོན་ཡིན་པའི་གངས་འཁྱགས་དགའ་སྤྲོའི་དུས་ཆེན་གྱི་བརྗོད་དོན་བྱ་འགུལ་ཡོ་ཙི་ལུང་པ་ལྗོངས་ཁུལ་གྱི་ཁང་ལེ་གངས་ཤུད་ར་བ་ནས་སྤེལ། བྱ་འགུལ་དེས་ནགས་ཚལ་གྱི་ནང་ནས་གངས་ཤུད་བྱེད་པའི་བྱ་འགུལ་བརྒྱུད་དེ། ཏ་ཐུན་གྱི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་གངས་ལྗོངས་ལ་རོལ་མྱོང་བྱེད་དུ་བཅུག དེ་ཡིས་ཏ་ཐུན་གྱི་མཛེས་སྡུག་གི་རང་བྱུང་མཛེས་ལྗོངས་དང་བབ་ཆགས་ཀྱི་ཡུལ་སྲོལ་གོམས་གཤིས་གང་ལེགས་ཀྱིས་མཚོན་ཡོད། དེ་ནི་སྐྱེ་ཁམས་ཡུལ་སྐོར་དང་ལུས་རྩལ་འགུལ་སྐྱོད་ཡོངས་སུ་འདྲེས་བའི་བྱ་འགུལ་ཞིག་ཀྱང་རེད།

“ཡུལ་སྐོར+”དང“+ཡུལ་སྐོར”གྱི་འདུ་ཤེས་ལྟར། རང་ཞིང་གིས་ཡུལ་སྐོར་དེ་རིག་གནས་དང་ཞིང་ལས། ལུས་རྩལ་སོགས་དང་མཆོང་བརྒལ་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱས་ཏེ། ཐོན་རྫས་གསར་པ་དང་ལས་རྣམ་གསར་པ། འདོན་སྤྲོད་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། མཐོ་སྒང་ཁོ་ནར་མངའ་བའི་ཐོན་ཁུངས་ཀྱི་རང་སྤུས་ལ་རྐང་ཚུགས་ཏེ། གསར་དར་ཐོན་ལས་ཧུར་བརྩོན་གྱིས་སྐྱེད་སྲིང་བྱས་པ་དང་། སྐྱེ་ཁམས་ཡུལ་སྐོར་དེ་རིག་གནས་དང་། ནགས་ཚལ་དང་རྩྭ་ཐང་། ཞིང་ཕྱུགས་ལས། ཉོ་འཚོང་། ལུས་རྩལ། སྨན་དང་སྨན་བཅོས་སོགས་ཀྱི་ཐོན་ལས་དང་མཉམ་དུ་འདྲེས་པར་སྐུལ་འདེད་བཏང་། སྐྱེ་ཁམས་སློབ་གསོ་དང་རང་བྱུང་ཉམས་ལེན། ཁམས་གསོ་སྤྲོ་གསེང་། རིག་གནས་གསར་སྐྲུན། ཡུལ་སྐོར་སྒྲིག་ཆས་གསར་བཟོ་སོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་འབྲེལ་བའི་ཐོན་ལས་གསོ་སྐྱོང་བྱས་པས། མིང་གྲགས་ཆེ་བའི་འགྲན་སྡུར་དང་ལུས་སྦྱོང་སྤྲོ་གསེང་། རི་ཐང་འགུལ་སྐྱོད། འགྲན་སྡུར་ལ་བལྟ་བ། ལུས་རྩལ་ཡུལ་སྐོར། འགྲན་སློང་ཉེན་འཚོལ། དམངས་སྲོལ་ཉམས་ལེན། མཐོ་སྒང་ཁམས་གསོ། བོད་སྨན་སྨན་ལུམས་སོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་ཐོན་རྫས་གསར་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་། ཚོང་ཁྲོམ་དུ་ཤུགས་རྐྱེན་ཆེ་ཞིང་འགྲན་རྩོད་ཆེན་པོ་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ལས་མ་ལག་ཆགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས།

2021ལོར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འདྲེས་པར་འཚམས་ན་འདྲེས་སུ་འཇུག་པ་དང་འདྲེས་སུ་འཇུག་ཐུབ་ན་འདྲེས་སུ་འཇུག་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། རིག་གནས་ཀྱིས་ཡུལ་སྐོར་བསྐྲུན་པ་དང་ཡུལ་སྐོར་གྱིས་རིག་གནས་དར་དུ་འཇུག་པ། གོང་ལ་འགན་འཁུར་པ་དང་འོག་ལ་མཛུབ་སྟོན་བྱེད་པ། ནང་ནས་འདྲེས་སུ་འཇུག་པ་དང་ཕྱི་ལ་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ལས་གཞི376ལག་བསྟར་བྱས་པ་དེར་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར97བཏང་། ཚོང་འགུགས་དངུལ་འདྲེན་གྱི་ལམ་ནས་མ་དངུལ་སྒོར་དུང་ཕྱུར3.5འབྱོར། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས16146ལ་ཞིབ་བཤེར་བྱས། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར1.8གཤམ་སྤྲོད་བྱས། ཁེ་ལས་ལ་རོགས་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར13ཙམ་བསྡུས། ཐང་ཏའོ·637ཚོང་ལས་ཕྱོགས་བསྡུས་ཁུལ་གྱི་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དེ་ཐོག་མར་ཡུལ་སྐོར་འཛད་སྤྱོད་ཕྱོགས་འདུས་ཁུལ་དང་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་བདམས། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྟེགས་བུ་དྲ་ཐོག་ནས་བེད་སྤྱོད་བྱས་ཏེ། སྒོར་ཁྲི1000ཡི་དམངས་ཕན་འཛད་སྤྱོད་འཛིན་ཤོག་འགྲེམ་སྤེལ་བྱས། གཟིགས་སྐྱོང་བྱེད་ཐབས200ལྷག་བཏོན་ནས་རིག་གནས་ཡུལ་སྐོར་གྱི་ཚོར་ཁྲོམ་བསྐྱར་དར་འབྱུང་བར་ཡར་སྐུལ་བྱས།

“དྲ་སྦྲེལ+རིག་གནས་ཡུལ་སྐོར”ལ་སྔར་བས་སྐུལ་འདེད་གཏིང་ཟབ་བྱས་ཏེ་ཡུལ་སྐོར་བྱ་འགུལ་གྱི་གོ་རིམ་ཧྲིལ་པོ་དང་ཡུལ་སྐོར་དོ་དམ་འཁོར་རྒྱུན་ཧྲིལ་པོ་ཕལ་ཆེར་མངོན་འགྱུར་བྱས་ནས། ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་ཤེས་ནུས་ཅན་དུ་བེད་སྤྱོད་བྱས། པ་སེ་ཉོ་བར་དུས་བཅད་བགོ་བ་དང་དུས་ཚོད་བགོས་ནས་ལྟད་མོར་ལྟ་བ། མིའི་འཁོར་རྒྱུག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། རིག་ནུས་ལམ་ཁྲིད་བྱེད་པ་སོགས་རིག་ནུས་ཅན་གྱི་ཞབས་ཞུ་བསྒྲུབས་ནས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་པར་སྐུལ་འདེད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྒང་རེད།

“ཡུལ་སྐོར+ཞིང་ལས”དང“ཡུལ་སྐོར+བཟོ་ལས”“ཡུལ་སྐོར+སློབ་གསོ”“ཡུལ་སྐོར+ལུས་རྩལ”བཅས་ཕྱོགས་མང་པོ་ནས་མཉམ་འདྲེས་འཕེལ་རྒྱས་སུ་བཏང་བས་རིམ་པ་བཞིན་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་སྔར་བས་ལངས་གཟུགས་ཅན་དང་སྔར་བས་བྲོ་བ་ཅན་དུ་འགྱུར་དུ་འཇུག་པ་དང་། རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་བྱུང་བ་བརྒྱུད་དེ། སྔར་བས་མང་པའི་རིག་གནས་ཐོན་ཁུངས་དང་སྔར་བས་མང་པའི་རིག་གནས་ཐོན་རྫས་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཐུན་མོང་མ་ཡིན་པའི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི“སྙན་ངག་དང་རྒྱང་རིང”བསྐྲུན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།