ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ནན་ཏན་སྒོས་འགན་སྒྲུབ་གཙང་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་བསྡུས་པ་ནས་བཟུང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན16གིས་རྒྱལ་ཡོངས་སྲིད་གྲོས་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཀྱིས་གྲོས་ཚོགས་ལ་ཞུགས་པ་དང་འགན་ནུས་ལག་བསྟར་བྱས་པ་དང་། བསྡོམས་པའི་མི་སྒེར་གྱི་གྲོས་གཞི62དང་། མཉམ་འབྲེལ་མིང་འགོད་ཀྱི་གྲོས་གཞི79ཡར་སྤྲད། ཚོགས་ཆེན་ལ་ཡིག་ཐོག་གཏམ་བཤད་རྒྱུ་ཆ4དང་། སྤྱི་ཚོགས་གནས་ཚུལ་དང་དམངས་འདུན་ཆ་འཕྲིན4སྤྲད། ཨུ་ཡོན་གྱི་སྤྱིའི་འགན་སྒྲུབ་ཆུ་ཚད་སྔར་ལས་ལྷག་པར་མཐོར་བཏེགས།  

གྲོས་ཚོགས་སྐབས་སུ། ཨུ་ཡོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ནང་སོགས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཞིང་ལས་ཀྱི་སྡེ་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་གི་སྡེ་ཡི་ཨུ་ཡོན་རྣམས་གཟིགས་སྐྱོང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོར་མྱོང་རྟོགས་བྱས། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ནན་ཏན་གྱིས་གྲོས་ཞིབ་བྱས་པ་དང་། སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོ་གཉིས་ཀྱི་བྱ་བའི་སྙན་ཞུ་སོགས་ལས་དོན་ཁག་སོ་སོའི་བྱ་བའི་སྙན་ཞུ་ལ་ནན་ཏན་གྱིས་བགྲོ་གླེང་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ངོས་པ་དོན་གྱིས་གཙང་སྒྲུབ་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།