ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚན་ཆུང་བགར་ནས་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུ་དང་ཚན་ཆུང་ཚོགས་འདུ་འཚོགས་ཏེ། ལས་རིགས་སོ་སོས་དོ་ཁུར་བྱེད་པའི་གྲོས་གཞིར་དམིགས་ནས་གྲོས་མོལ་བྱས་པ་དང་། ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས། ཨུ་ཡོན་མགོན་པོ་བཀྲ་ཤིས་སོགས་ཀྱིས་གཏམ་བཤད་གནང་བ་དང་། རྡོ་རྗེ་རབ་བརྟན་དང་རིན་ཆེན་རྣམ་རྒྱལ། ཝང་ཞོན་སོགས་ཀྱི་ཨུ་ཡོན་ཚོགས་འདུ་ལ་ཞུགས་ཡོད།

ཝང་ཅན་དང་མཱ་ཧའེ་ཅུན་སོགས་ཀྱི་ཨུ་ཡོན་གྱིས་ཚོགས་འདུའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཏམ་བཤད་ཚ་ཚ་འུར་འུར་གནང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་བློ་མཐུན་ལས་རིགས་སོ་སོའི་ཚན་ཆུང་གི་ཚོགས་འདུར་ཞུགས་པ་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་ལ་གསན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།