ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་མ་ཟིན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་སྐོར་གྱི་ཆོད་དོན་མ་ཟིན་དག་བཅོས་མ། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱེད་ཐབས་ཀྱི་མ་ཟིན་དག་བཅོས་མ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་འཐུས་མིས་གཏམ་བཤད། ཀྲང་ཀོང་རུང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཐིན་ཅ་ཚའེ་དང་། ལི་ཅེ་ཞང་། ཝང་དབྱང་། ལིའུ་ཁྲའོ། ཀྲང་ཞའོ་རུང་། ཀྲང་ཙེ་ཅུན། ཁྲ་ཆིང་ཅིའུ་བཅས་ཀྱི་གཏམ་བཤད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་དྲ་ལམ་བརྙན་ལམ་གྱི་སྐུད་ལམ་བརྒྱུད་ནས་གྲོས་ཞིབ་ལ་ཞུགས་པ་དང་། འཐུས་མིའི་བསར་འཆར་གྲོས་གཞི་ལ་མཉན། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།