ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་མཱ་ཡུའེ་ཞང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་བྱ་ཡུལ་ཨང་དང་པོ་ཡིན་པ་དང་། རྒྱ་ཁྱོན་ཆེ་ཤོས་དང་བྱས་རྗེས་མངོན་གསལ་དོད་པ། ས་ཁོངས་དམིགས་བསལ་ཁྱད་ཆོས་ལྡན་པས།  འཛུགས་སྐྲུན་དང་དོ་དམ་གྱི་མ་དངུལ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་བས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཱ་ཡུའེ་ཞང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་་དགོས་པའི་གྲོས་གཞི་བཏོན། 

མཱ་ཡུའེ་ཞང་གིས་ནོར་སྲིད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་པུའུ་ཨུའི་རྒྱལ་ཁབ་ཀྱི་ངོས་ནས་སྔར་ལས་ལྷག་པའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་ནས་མདུན་ཕྱོགས་སུ་བསྐྱོད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ།  རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་ང་རྒྱལ་དུ་འགྱུར་བར་བྱས་ནས།  མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་བུ་རབས་ཚ་རྒྱུད་ལ་ཁེ་ཕན་བསྐྲུན་དགོས་པའི་གྲོས་གཞི་བཏོན།   ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།