ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས2ཉིན་ནས་ཚེས4ཉིན་བར།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས་བདུན་གྱི་གྲོང་ཚོ14ལ་སོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་།  གྲོང་གསེབ་དར་སྤེལ་གཏོང་བའི་ཚོད་ལྟ།  དཔྱིད་འདེབས་གྲ་སྒྲིག་དང་ཐོན་སྐྱེད།  གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས།  ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས།  གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་མཉམ་དུ་གྲོས་བསྡུར་བྱས། 

ཚེ་རིང་ཐར་གྱིས་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོབ།  དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བླང་བྱ་གལ་ཆེན་དང་ཏང་གི་ཞིང་དར་ཞིང་ཕན་སྲིད་ཇུས་ཇི་མ་ཇི་བཞིན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྒྲོག་འགྲེལ་བྱས་ནས།  ཞིང་གསུམ་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་དགོས་ཤིང་།   རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཕྱོགས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ་བྱས་ཏེ།  བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་དམ་འཛིན་བྱེད་པ།  དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཙོ་གནད་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།