ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས་ཤིང་ཁྲིན་ཞི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་གཏམ་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་ཀྱི་འཐུས་མིས་གཏམ་བཤད་གནང་། ལི་ཅེ་ཞང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་མ་ཟད་གཏམ་བཤད།

ཁྲིན་ཞི་ཡིས་བཤད་རྒྱུར། ན་ནིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྒྱལ་བ་དང་གྲུབ་འབྲས་གསར་བ་བླངས། ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་ཡོད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་སྣེ་ཁྲིད་ཡོད་པ་དེ་རེད། ང་རང་སྲིད་གཞུང་བྱ་བའི་སྙན་ཞུར་ཧ་ཅང་འཐད་པ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། "གཏན་ཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གསལ་བོ་བྱེད་པ། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང"ཡིད་ཆེས་བཞི"ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོབ་གཉིས"སྒྲུབ་ཐུབ་པར་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། མགོ་ཁྲིད་ཚན་ཁག་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་འབུར་དུ་ཐོན་པར་བྱེད་པ། ས་གནས་ཀྱི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བར་དམ་འཛིན་བྱེད་པ། ལས་བྱེད་པའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས"གཏན་ཁེལ་གཉིས"ལག་བསྟར་བྱེད་པ་དང་། "སྲུང་སྐྱོབ་གཉིས"ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་བྱ་བར་མཛུབ་སྟོན་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་མངོན་པར་བྱས་ཡོད། "གནས་ལྔ་གཞི་གཅིག"གི་སྤྱི་ཁོག་གི་གྲུབ་ཚུལ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་གྲུབ་ཚུལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་བསམ་བློ་བརྟན་པོ་དང་ཆབ་སྲིད་བརྟན་པོ། འགུལ་སྐྱོད་བརྟན་པོས་ཁྱབ་པར་བྱས་ཡོད། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བསམ་བློའི་ཞིབ་བཤེར་དང་ཆབ་སྲིད་ཀྱི་ཞིབ་བཤེར། འགུལ་སྐྱོད་ཀྱི་ཞིབ་བཤེར་ལ་ལན་བཏབས་པ་དང་། བྱ་བར་ཕྱིར་ལྟ་བྱེད་པའི་ཐད་ནས་རང་རྟོན་དང་སྦས་ཤུགས་ཡོད་པ་དང་། བྱ་བའི་འཆར་འགོད་ཐད་ནས་ཁ་ཕྱོགས་ཡོད་པ། བྱ་བའི་བཀོད་སྒྲིག་ཐད་ནས་འཐབ་ཇུས་དང་ཇུས་ཆོད་ལྡན་པ། བྱ་བར་སྐུལ་འདེད་གཏོང་བའི་ཐད་ནས་འབོད་སྐུལ་དང་རེ་བ་ཡོད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས་ང་རང་ཧ་ཅང་འཐད་པ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ཟུང་འབྲེལ་བྱས་ནས་མཉམ་དུ་ལག་བསྟར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། སྙན་ཞུ་ཐད་ནས་ཆབ་སྲིད་ཀྱི་ལངས་གནས་དང་དུས་རབས་ཀྱི་ཁྱད་ཆོས། མི་དམངས་ཀྱི་ལངས་ཕྱོགས་མངོན་པར་བྱས་ཡོད། ང་རང་ཧ་ཅང་འཐད་པ་ཡིན། འདས་པའི་ལོ་གཅིག་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་རྒྱུགས་ལན་བཟང་བོ་སྤྲད་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ལ། ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་བྱས་པའི་སྣེ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་སྣེ་ཁྲིད་ཡོད་ཅིང་། "གཏན་ཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་མངོན་པར་བྱས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང"ཡིད་ཆེས་བཞི"ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོབ་གཉིས"སྒྲུབ་ཐུབ་པར་བྱེད་པ། "གནས་བཞི"འཛུགས་སྐྲུན་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པ། རྒྱུན་མཐུད་ངང་དམངས་འཚོའི་བདེ་སྐྱིད་ཇེ་ཆེར་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་རྒྱུ་ཡིན།

ལི་ཅེ་ཞང་གིས་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱིས་བླངས་པའི་གྲུབ་འབྲས་གལ་ཆེན་དང་དེང་རབས་ཅན་གྱི་ལས་དོན་གྱི་དགོས་མཁོ་ཡིས། ང་ཚོས"གཏན་ཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱེད་ཐུབ་པ་བྱུང་བ་དང་། ང་ཚོས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ཐོན་ལས"གནས་བཞི"འཛུགས་སྐྲུན་བྱེད་པའི་ཐད་ཀྱི་བླང་བྱ་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བ་མ་ཟད་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། ཐོན་ལས་སྐྱེ་ཁམས་ཅན་དང་ཐོན་སྐྱེད་ཐོན་ལས་ཅན་གྱི་ལམ་བུ་རུ་བསྐྱོད་དེ། སྐྱེ་ཁམས་རིག་གནས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་སུ་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཤེས་ལྡན་མི་སྣ་གནད་འགག་དུ་བརྩི་བ། ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། མིའི་ཁྱོན་ཡོངས་འཕེལ་རྒྱས་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་བཏང་ནས། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་དགོས།

ལིའུ་ཁྲའོ་ཡིས་བཤད་རྒྱུར། སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་ཡོད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་ལ། དེ་ནི་དར་ཆ་མཐོན་པོར་བསྒྲེང་བ་དང་བདེན་འཚོལ་དངོས་གཉེར། མི་ལ་སྐུལ་སློང་བྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད། འདས་པའི་ལོ་གཅིག་ལ་ཕྱིར་བལྟ་བྱས་ན། གྲུབ་འབྲས་ལེན་རྒྱུ་སླ་མོ་ཞིག་མིན་པ་དང་། "གཏན་ཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་མངོན་པར་བྱས་ཡོད། ད་ལོའི་བྱ་བའི་བཀོད་སྒྲིག་ཐད་ནས། ཏང་ཀྲུང་དབྱང་གི་འདོད་བློ་བརྟན་པོ་དང་ཆོད་སེམས་བརྟན་པོ། ཏང་ཀྲུང་དབྱང་གི་སྣེ་ཁྲིད་ནུས་པ་དང་འགན་འཁྲི་ཁག་ཁུར་ཆེན་པོ་མངོན་པར་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ལྷག་པར་དུ་ཚན་རྩལ་གསར་གཏོད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་ལམ་བུ་རུ་བསྐྱོད་དགོས།

ཀྲང་ཞའོ་རོང་གིས་བཤད་རྒྱུར། སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་པར་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་ལ། "གཏན་ཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་མངོན་པར་བྱས་ཡོད་པས། དེ་ནི་ཆབ་སྲིད་ཀྱི་ལངས་གནས་མངོན་པའི་སྙན་ཞུ་ཞིག་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱས་ཡོད་པས། དེ་ནི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྙན་ཞུ་ཞིག་ཡིན། གཏན་འཇགས་གཙོར་འཛིན་པ་དང་གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་དགོངས་གཞི་ཁོང་དུ་ཆུད་པར་བྱས་ཡོད་པས། དེ་ནི་ཀྲུང་གོའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་བྱེད་པའི་སྙན་ཞུ་ཞིག་ཡིན། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་རེ་སྒུག་ལ་ལན་བཏབས་ཡོད་པས། དེ་ནི་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་དགོངས་པ་མངོན་པར་བྱེད་པའི་སྙན་ཞུ་ཞིག་ཡིན། མཐུན་སྒྲིལ་གཅིག་སེམས་དང་དཀའ་ངལ་མཉམ་སེལ། འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ་དང་། ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་སྤྱི་ཚོགས་གནས་བབ་ཐད་ཀྱི་བརྡར་གཅོད་དང་རེ་བ་དང་མཐུན་ལ། དམིགས་འབེན་ལས་འགན་བརྟན་པ་དང་བསམ་ཕྱོགས་བྱེད་ཐབས་བཟང་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་ཐག་གཅོད་པའི་ཇུས་གཞི་ཆེས་བཟང་བོ་ཡིན་པས། ང་རང་འཐད་པ་ཡིན་པ་མ་ཟད་སེམས་གཏིང་ནས་བརྩི་སྲུང་བྱེད་རྒྱུ་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།