ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱིས་རང་བྱུང་སློབ་གསོའོ་ལས་དོན་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2021ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཁོར་རྒྱུག་བརྟན་པོ་ཡིན་པ་དང་ལས་དོན་སོ་སོའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།  ལྷག་པར་དུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གྲྭ་བཙུགས་ནས།  རང་བྱུང་སློབ་གསོའི་ཁྱད་ལྡན་དོ་དམ་སྲུང་སྐྱོང་ས་ཚིགས་བསྐྲུན་ཏེ་རྒྱལ་ཁབ་ཀྱི་ཡུན་རིང་ཚན་ཞིབ་རྟེན་གཞི་དང་།  གཞི་གྲངས་ཆེན་མོའི་ལྟེ་གནས།  སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་སོགས་རང་བྱུང་སློབ་གསོའི་ལས་སྟེགས་འཐུས་ཚང་དུ་བཏང་ནས་རང་བྱུང་སློབ་གསོ་སྤེལ་རྒྱུར་རྨང་གཞི་བཏིང་ཡོད། 

རང་བྱུང་སློབ་གསོ་སྤེལ་རྒྱུ་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་དམིགས་བསལ་ལས་དོན་ཞིག་ཡིན།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ལས་སྟེགས་བསྐྲུན་ནས་རང་བྱུང་སློབ་ཁྲིད་ཀྱི་གཡུལ་ས་གཙོ་བོ་ཇེ་ལེགས་སུ་བཏང་།  ཟི་ལིང་དང་མཚོ་བྱང་།  མཚོ་ནུབ་སོགས་སུ་སྔ་རྗེས་སུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གྲྭ13བཙུགས།  དེའི་སྐབས་སུ་སློབ་ཚན་ཞིབ་འཇུག་གསར་སྤེལ་དང་སློབ་དེབ་རྩོམ་སྒྲིག  དགེ་རྒན་གསོ་སྐྱོང།  སློབ་གྲྭའི་དངོས་སྤྱོད་བཅས་ཀྱི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལྷུ་ཚིགས་ཆ་ཚང་འཚོལ་ཞིབ་བྱས་ཡོད།  ཚད་ལྡན་ཅན་གྱི་རང་བྱུང་སློབ་གསོའི་སློབ་དེབ5དང་རང་བྱུང་སློབ་གསོའི་སློབ་དེབ9རྩོམ་སྒྲིག་དང་གསར་སྤེལ་བྱས་ཏེ།  དགེ་རྒན་དང་དོ་དམ་པ།  དང་བླངས་པ་བཅས་བསྡུ་ལེན་བྱས་ནས་རང་བྱུང་སློབ་གསོའི་དགེ་རྒན་དཔུང་ཁག་བཙུགས་པ་མ་ཟད།  རང་བྱུང་སློབ་གསོ་དང་སྐྱེ་ཁམས་མྱོང་ཚོར།  སློབ་ཚན་ཇུས་འགོད་རྟོག་ཞིབ་སོགས་ཀྱི་བྱ་འགུལ་སྤེལ་བ་རེད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།