ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་ཡིག་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྟེན་འབྲེལ་ཞུ་ཡིག

མཛའ་ཞིང་བརྩེ་བའི་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ།

བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་ལོ་གསར་གྱི་སྐབས་འདིར། ཁྱེད་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་ཡིན།

འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བཟུང་བ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཤིང་། གྲོང་ཁྱེར་དང་ཁུལ8དང་རྫོང70%ཡིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ལ། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་བྱུང་བ། སྤྱི་ཚོགས་རྒྱུན་མཐུད་བརྟན་བརླིང་ཡིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་བ། ཆོས་ལུགས་དུས་རབས་དང་བསྟུན་པའི་རྣམ་པ་ཡག་པོ་མངོན་ཡོད།

ད་ལོ་ནི་གོང་མཐུད་འོག་འདྲེན་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཡིས་མི་རིགས་དང་ལས་རིགས་སོ་སོ་དང་མཉམ་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་མགོ་ཁྲིད་འོག དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་། ཆོས་ལུགས་ཞི་མཐུན་བཅས་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་མཉམ་དུ་བསྐྲུན་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་པའི་རེ་བ་བཏོན་པ་ཡིན།  །

ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་གསར་བར་ཁ་དྲོ་བདེ་སྐྱིད་དང་ཁྱིམ་མི་ལྷན་འཛོམས། བཀྲ་ཤིས་བདེ་ལེགས་ཡོང་བར་སྨོན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ཞིན་ཁྲང་ཞིང་།

2022ལོའི་ཟླ3པའི་ཚེས3ཉིན། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།