མཚོ་སྔོན་ཞིང་ཆེན་དམངས་ཆེན་ཚན་རིག་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཁ་གཏད་ལས་ཁུངས་དང་སྡེ་ཁག་གི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན།  ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་གིས2022ལོའི་ཁ་གཏད་ལས་ཁུངས་དང་སྡེ་ཁག་གི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ།  2021ལོའི་བྱ་བ་གཙོ་བོ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།  2022ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཁ་གཏད་ལས་ཁུངས་དང་སྡེ་ཁག  གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བགོས་འགོ་ཁྲིད་དང་སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཀྲང་ཧོང་ཡོན་གྱིས་བསྟན་དོན། 2021ལོར་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་འཐུས་ཚོགས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པར་མ་ཟད།  དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཁྲིམས་འཛུགས་དང་ལྟ་སྐུལ། རང་སྟེང་གི་འཛུགས་སྐྲུན་སོགས་ཐད་ཕན་ནུས་ལྡན་པའི་བྱ་བ་མང་པོ་བསྒྲུབ་པ་དང་། གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར།

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ད་ལོའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་ལས་འགན་ཧ་ཅང་ལྕི་བས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་དང་ཁ་གཏད་ལས་ཁུངས་དང་སྡེ་ཁག་གིས་བློ་བརྟན་འགྱུར་མེད་ངང་གཏན་འཁེལ་གཉིས་སྲུང་སྐྱོབ་དང་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པའི་མཐོ་ཚད་དུ་འགྲེང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་ཆེས་གལ་ཆེ་བ་དང་ཤུགས་སྣོན་དགོས་པའི་གཙོ་གནད་དང་། མཁྲེགས་གཏོར་བྱ་དགོས་པའི་དཀའ་གནད།  ཇེ་དྲག་ཏུ་གཏོང་དགོས་པའི་ཉམས་ཞན་ས།  མི་དམངས་མང་ཚོགས་ཀྱི་ཆེས་དོ་ཁུར་བྱེད་པའི་གནད་དོན་གཙོ་བོ་བཅས་ལ་དམ་དུ་དམིགས་ཏེ།    ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཐད་ནས་མཐུན་སྦྱོར་དམ་ཟབ་དང་མུ་མཐུད་དུ་ཤུགས་འདོན་པ། གསར་གཏོད་གསར་སྐྲུན་བྱ་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལས་དོན་ཐད་འཕེལ་རྒྱས་གསར་པ་འབྱུང་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་།  གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱ་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།