ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཞབས་ཞུའི་དོན་ཚན5ཡིས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་མཐོ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་སྟེང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2022ལོར་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་ཞུགས་ཞབས་ཞུར་འགན་ལེན་དང་། ངལ་ནུས་སྤུས་རྟགས་གཏོད་པ། ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། རྩལ་ནུས་ཤེས་ལྡན་པའི་ཞབས་ཞུ། ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བཅས་ཀྱི་ཞབས་ཞུའི་བྱ་སྤྱོད་དོན་ཚན5གཏིང་ཟབ་སྒོས་སྤེལ་ནས། མི་དོན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོ་རུ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ལས་ཞུགས་ཞབས་ཞུ་འགན་ལེན་གྱི་བྱ་སྤྱོད་ཁྲོད། དཔྱིད་གསར་དུས་ཆེན་སྐབས“ཞིང་པ་ལས་བཟོ་བར་དྲོ་སྐྱིད་སྦྱིན་པའི”ཞབས་ཞུའི་བྱ་སྤྱོད་ཧུར་ཐག་གིས་སྤེལ་ནས། དཔྱིད་གསར་དུས་ཆེན་གྱི་སྔ་གཞུག་གི་ཞིང་པ་ལས་བཟོ་བའི་ལས་ཞུགས་གནས་ཚུལ་ལ་ལྟ་ཞིབ་གང་ལེགས་བྱེད་པ་དང་། “ལས་ཞུགས་རོགས་སྐྱོར་ཟླ་བ”དང“དཔྱིད་རླུང་བྱ་སྤྱོད”སོགས“12+N”སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་སྤྱོད་སྤྱི་འདོམས་ངང་ལག་བསྟར་བྱས་ཏེ། དྲ་ཐོག་དང་དྲ་ཕྱི་ནས་ཐབས་ལམ་མང་པོ་བཏོད་ནས་ལས་ཞུགས་ཞབས་ཞུའི་ལས་སྟེགས་བཏོད་པ་དང་། ལས་མི་བཀོལ་སྤྱོད་ཁེ་ལས་དང་ངལ་རྩོལ་པའི་བར་འབྲེལ་བ་བཙུགས་ནས། ལས་སྒོ་གསར་འབྱེད་གསོ་སྐྱོང་རྟེན་གཞི་དང་ལས་སྒོ་གསར་འབྱེད་གསོ་སྐྱོང་གླིང་སྐྲུན་པར་ཤུགས་བསྣན་ནས། ལས་སྒོ་གསར་འབྱེད་ཁག་ཐེག་དངུལ་བུན་སྲིད་ཇུས་དོན་འཁྱོལ་དང་། གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེའི་ལས་སྒོ་གསར་འབྱེད་མཁན་གྱི་རྒྱལ་ཁའི་ལས་གཏོད་དང་བྱ་གཞག་ལ་སྣེ་ཁྲིད་དགོས། ངལ་ནུས་སྤུས་རྟགས་གཏོད་པའི་བྱ་སྤྱོད་ཁྲོད། “མཚོ་སྔོན་གྱི་འཐེན་ཐུག”དང“མཚོ་སྔོན་གྱི་འཚེམ་དྲུབ”། “མཚོ་ནུབ་ཀྱི་འཕང་འབྲས”སོགས་ཐོན་ལས་ངལ་ནུས་སྤུས་རྟགས་འཕེལ་རྒྱས་དང་སྐྱེད་སྲིང་ལ་དམ་འཛིན་མངོན་གསལ་དོད་པོ་བྱས་ཏེ། ངལ་ནུས་སྤུས་རྟགས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཤུགས་ཆེན་པོས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་སྐབས་དགོས་མཁོ་ཆེ་བ་དང་ཆད་ལུས་ཤོར་བའི་ལས་རིགས་རྩལ་ནུས་གསར་པའི་གསོ་སྦྱོང་ལ་ཤུགས་སྣོན། ཁེ་ལས་ཀྱི་ལས་བཟོ་པའི་རྩལ་ནུས་མཐོ་རུ་གཏོང་བ་དང་ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་གསར་པའི་གསོ་སྦྱོང་གཙོ་གནད་དུ་འཛིན་པ། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་སྲ་བརྟན་དུ་གཏོང་བ་དང་ཟུང་འབྲེལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་ས་ཁུལ་གྱི་ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་བཟོ་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གསོ་སྦྱོང་གི་དགོས་མཁོ་ཡོད་པའི་དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།