ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང2022ལོའི་ལོ་འཁོར་གྱི་ལས་གཞི་གཙོ་བོར་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་སྐུལ་འདེད་བཀོད་སྒྲིག་བྱེད་པའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང2022ལོའི་ལོ་འཁོར་གྱི་ལས་གཞི་གཙོ་བོར་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་སྐུལ་འདེད་བཀོད་སྒྲིག་བྱེད་པའི་ཚོགས་འདུ་བསྡུས། ངར་ཤུགས་གཅིག་སྡུད་ཀྱིས་བྱ་བ་ནན་མོར་སྒྲུབ་པ་དང་། མིག་སྔར་གྱི་ལས་དོན་ལེགས་པོར་སྒྲུབ་པ། མ་འོངས་པའི་ལས་དོན་ལ་ཇུས་འགོད་ཟབ་མོ་བྱེད་པ། རིམ་པ་ལྟར་དང་། གཙོ་གནད་འཛིན་པ། དཀའ་གནད་ལ་རྒོལ་བ། དུས་ཚིགས་དང་པོའི་དཔལ་འབྱོར་མཛུབ་སྟོན་འཆར་གཞི་མངོན་འགྱུར་ལ་བརྩོན་པ། ལས་གཞི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཕར་རིམ་དུ་འགྱུར་བར་བྱས་ནས། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པར་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་ཚོགས་འདུར་ཕེབས། 

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་གིས་མིག་སྔར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་ལས་གཞི་གལ་ཆེན་གྱི་འགན་གཙང་ལེན་གྱི་སྐུལ་སྤེལ་བྱ་བའི་བཀོད་སྒྲིག་ཁྱབ་སྒྲོག་བྱས། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གྱིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དང་ལས་གཞི་སྐུལ་སྤེལ་ལ་དམིགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པ་མངོན་འགྱུར་དང་། ལོ་ཧྲིལ་པོར་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པར། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་པ་ཧ་ཅང་གལ་ཆེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་གནད་ལ་འཁེལ་བར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འགུལ་སྐྱོད་ལྷུར་ལེན་པ། ཟླ་རེ་བཞིན་དུས་ཚིགས་ལ་སྐུལ་འདེད་དང་དུས་ཚིགས་རེ་རེ་བཞིན་ལོ་ཧྲིལ་པོར་འགན་སྲུང་བྱས་ཏེ། ལོ་མགོར་གཏན་ཁེལ་བྱས་པའི་ལས་གཞི་ཁག་གི་དམིགས་འབེན་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། མཚོ་སྔོན་ནི་རྗེས་ནས་འཕེལ་རྒྱས་བྱུང་བའི་ས་ཁུལ་ཡིན་ལ། དེ་བས་ཀྱང་དཀའ་སྡུག་ཆེ་བའི་ས་ཁུལ་ཡིན་པས། དཀའ་སྡུག་ཆེ་བའི་ས་ཁུལ་ནས་བྱ་བ་བསྒྲུབ་ན། སློབ་སྦྱོང་ལ་དཀའ་བ་སྤྱོད་པ་དང་། བསམ་བློར་དཀའ་སྤྱད་སྡུག་རུས་བྱེད་པ། ལྷག་པར་བྱ་བར་དཀའ་སྤྱད་འབད་བརྩོན་བྱེད་དགོས་ཤིང་། དམིགས་བསལ་ལྔ་དར་སྤེལ་གཏོང་བའི་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་འགག་སྒྲོལ་དང་གནད་དོན་ཐག་གཅོད། འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལས་དོན་ཁག་གིས་རྣམ་པ་གསར་པ་གསར་འབྱེད་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པ་དང་། ལས་གཞི་ནི་འཐབ་ར་དང་པོ་ཡིན། ལས་གཞི་ཡོད་ན་མ་དངུལ་འཇོག་རྒྱུ་ཡོད་ལ་སྦས་ཤུགས་ཡོད་པར་མ་ཟད། འཕེལ་རྒྱས་ཡོད་ཅིང་། ལས་ཞུགས་དང་ནོར་སྲིད་དཔྱ་ཁྲལ་དང་། དམངས་འཚོ་ཀྱང་ཡོད་པས། གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལ་གདེང་ཚོད་ཆེན་པོ་ཡོད། ལས་གཞི་གལ་ཆེན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཟིན་པའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིམས་ནད་འགོག་སྡོམ་ལ་གཅིག་གྱུར་འཆར་འགོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་འོག་ཏུ། ལས་གཞིར་དམ་འཛིན་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ལས་གཞི་དམ་འཛིན་བྱེད་པའི་རྣམ་པ་སྐྲུན་པ། ལས་གཞིས་མི་འདང་ས་གསབ་པ་དང་། ཉམས་ཞན་ས་ཇེ་དྲག་ཏུ་གཏོང་བ། ཁྱོན་ཡོངས་བརྟན་པོ་ཡོང་བར་བྱེད་པ། མཐའ་ཐིག་སྲུང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ལས་གཞི་དང་མ་དངུལ་འཇོག་པ་དེ"གཏན་འཇགས་དྲུག"གི་བྱ་བ་ལེགས་པོར་སྒྲུབ་པ་དང། "འགན་སྲུང་དྲུག"གི་ལས་འགན་དངོས་འབེབས་བྱེད་པའི་གདོང་འདེགས་ཀ་བ་ལྟ་བུར་བསྒྱུར་དགོས། ལས་གཞི་གལ་ཆེན་གྱི་ལས་འགན་ཡི་གེ་དང་། འགན་འཁྲིའི་ཡི་གེ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ལ་སྦྱོང་བ་ཡག་པོ་དང་བཀོད་སྤྱོད་ཡག་པོ་བྱེད་དགོས། མིའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། བཀོད་གཏོང་བྱེད་རུང་བའི་མཐུན་རྐྱེན་གང་རུང་བཀོད་གཏོང་བྱེད་པ་དང་། དམ་འཛིན་བྱེད་ཆོག་པའི་གོ་སྐབས་གང་རུང་དམ་འཛིན་བྱས་ཏེ། ལས་གཞི་མགོ་ཚུགས་དུས་ཀྱི་གསོག་འཇོག་དང་བརྩོན་ལེན་སྟེང་ཤུགས་བཏོན་ནས། ལས་གཞིའི་གསོན་ཤུགས་ལ་ཉམས་པ་མེད་ཅིང་། ཕན་འབྲས་ལྡན་པའི་དངུལ་གཏོང་རྒྱུན་མི་ཆད་པར་བྱེད་དགོས། 

ཞིན་ཁྲང་ཞིང་གིས་བསྟན་དོན།    གོ་སྐབས་དམ་འཛིན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་པ་དང་།   ཁྱབ་ཁོངས་གཙོ་བོ་དང་གསར་དར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྱབ་ཁོངས་ལ་དམ་དུ་དམིགས་པ།   རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ལ་སྙན་ཞུ་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་གཞི་དང་མ་དངུལ་སྔར་ལས་མང་པོ་མཚོ་སྔོན་དུ་དོན་འཁྱོལ་བྱ་རྒྱུ་བརྩོན་ལེན་བྱེད་དགོས།   ལས་གཞི་གལ་ཆེན་གྱི་ཞིབ་བཤེར་ཆོག་མཆན་དང་མ་དངུལ་བསྐྱི་བ་དང་གན་རྒྱ་འཇོག་པ།   ལས་ཐོན་སླར་གསོ་བཅས་ལ་སྐུལ་འདེད་གཏོང་བར་དམིགས་ནས་དུས་ཚིགས་དང་པོར་ལས་ཀའི་དམིགས་ཚད་སྔར་ལས་མང་པོ་ཞིག་འགྲུབ་པར་བརྩོན་ལེན་བྱ་དགོས།   རྒྱལ་ཁབ་དང་རང་ཞིང་གིས་བཏོན་པའི་རོགས་སྐྱོར་སྲིད་ཇུས་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྲོམ་རའི་གཙོ་གཞིས་མགྱོགས་མྱུར་སྒོས་འབྲེལ་ཡོད་སྲིད་ཇུས་ལོངས་སྤྱོད་བྱ་ཐུབ་པར་འགན་སྲུང་བྱེད་པ་དང་།   བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་དང་ཞབས་ཞུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་།   ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཚོགས་འདུ་ལ་ཞུགས་པ་དང་།  ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།