ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭས2022ལོའི་དཔྱིད་དུས་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས1ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཆབ་སྲིད་སློབ་གླིང་།  ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས2022ལོའི་དཔྱིད་དུས་སློབ་མགོ་རྩོམ་པའི་མཛད་སྒོ་དང་དུས་རིམ་གཉིས་པའི་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆེད་དོན་དཔྱད་བསྡུར་འཛིན་གྲྭས་མགོ་རྩོམ་མཛད་སྒོ་བསྡུས།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཡན་པའེ་ཡིས་གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་རྒྱུན་ཆད་མེད་པར་བློ་གྲོས་དང་སྟོབས་ཤུགས་བསྡུ་བའི་ཐད་ནས་བརྗོད་དོན་གཏམ་བཤད་གནང་།

ཡན་པའེ་ཡིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པའི་གཙོ་གནད་ནི་གྲོས་ཆོད་དང་གསུང་བཤད།  ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་།  གནད་འགག་ནི་གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་ཡང་དག་ལེན་པ་དང་མཐོ་ས་གསར་བསྐྲུན།  གནས་བཞི་འཛུགས་སྐྲུན།  དཔེ་སྟོན་ཞིང་ཆེན་ལྔའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གོང་བུར་འགྲིལ་བ།  སྐུལ་སློང་འགན་ཁུར་བྱེད་དགོས་ཞེས་བསྟན།  ཁོས་ཏང་གི་ལོ་བརྒྱའི་ལོ་རྒྱུས་རྐང་འཛུགས་ས་བྱེད་པ་དང་།  གཏན་ཁེལ་གཉིས་ཁྲོད་ཀྱི་གཞུང་ལུགས་རིག་ལམ་དང་ལོ་རྒྱུས་རིག་ལམ།  ལག་ལེན་རིག་ལམ་གསལ་བོར་ངོས་སུ་བཅུག་སྟེ་བསམ་བློའི་རང་རྟོགས་མཐོར་འདེགས་སུ་གཏོང་བ་དང་།  སྔར་ལས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་བསྙེགས་ཏེ་འཐབ་ལམ་གསར་བར་འབད་པས་བསྐྱོད་དགོས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།