ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་ད་ལོར་ཉལ་ཁྲི2000གསར་སྣོན་བྱས་ཏེ་རྒན་གསོའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས24ཉིན།  གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཚོགས་ཆེན་གཉིས་ནས་རྒྱུས་ལོན་པ་ལྟར་ན།  2022ལོར་ཟི་ལིང་གྲོང་ཁྱེར་གྱིས་རྒྱུན་མཐུན་ངང་རྒན་གསོ་ཁང་གི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱ་རྒྱར་སྐུལ་འདེད་བཏང་སྟེ།  ཉལ་ཁྲི2000དང་ཟ་ཁང57གསར་དུ་ཁ་སྣོན་བྱས་ནས་ཞིང་སྡེའི་རྒན་གསོ་ཁང་བཙུགས་ནས་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

2022ལོར་ཟི་ལིང་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་དམིགས་ནས།  མཐའ་སྐྱོང་འགན་ལེན་སྔར་ལས་ཤུགས་བསྣན་པ་དང་གཞི་རྩའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ནུས་པ་མགྱོགས་མྱུར་ངང་མཐོར་འདེགས་སུ་བཏང་སྟེ་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་།  དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བར་ཚད་བརྒལ་གསར་བ་བྱུང་།  ཕྱོགས་ཡོངས་ནས་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་སྟེ།  རྒན་པ་དག་ལ་ཆེད་ལས་ཀྱི་བདེ་སྐྱིད་དོ་དམ་དང་ལུས་གསོའི་བདག་སྐྱོང་།  ས་མཐོའི་ནད་སྔོན་འགོག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས།  གཞུང་བཙུགས་རྒན་གསོའི་སྒྲིག་གཞི་བཅོས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས།  རྒན་གསོའི་སྒྲིག་གཞིའི་ཐོན་ཁུངས་བསྡུ་སྒྲིལ་དང་སྡེ་ཁུལ་ལ་ཞབས་འདེགས་ཞུ་བའི་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱས་ཏེ།  རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས།  རྒན་པ་དག་གི་ཟས་རིགས་བཅོས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་རྒན་པར་གཅེས་པ་དང་བདེ་སྐྱིད་ཟ་ཁང་བསྐྲུན་ཏེ་ལས་རྗེས་བྱ་དགའ་དང་ཁ་གསབ་སྤྲོད་པའི་བྱ་ཐབས་འཛུགས་པ་དང་།  བདེ་སྐྱིད་ཟ་ཁང་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

དེ་དང་ཆབས་ཅིག་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པར་སྐུལ་མ་བཏང་ནས།  རྒན་པའི་ཕྱོགས་བསྡུས་ནུས་པའི་དཔྱད་དཔོག་དང་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་ལས་རྗེས་གདེང་འཇོག་ལས་དོན་སྤེལ་ཏེ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།  ཕྱོགས་ཡོངས་ནས་སྲིད་གཞུང་གི་དོ་དམ་མཛུབ་ཁྲིད་དང་ལས་རིགས་རང་གཅུན།  སྤྱི་ཚོགས་ལྟ་སྐུལ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་ཏེ།  རྒན་གསོའི་ཞབས་ཞུའི་ལྟ་སྐུལ་དོ་དམ་རྒྱུན་རྣམ་ཅན་དང་མཐུན་སྦྱོར་ཅན།  གནད་སྨིན་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།