མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཁྲིམས་འཛིན་བརྟག་དཔྱད་སྤེལ་བའི་བརྡ་སྦྱོར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྐུལ་འདེད་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྐུལ་འདེད་སྲོལ་ཡིག》ཁྲིམས་འཛིན་བརྟག་དཔྱད་སྤེལ་བའི་སྐོར་གྱི་སྤྱི་བསྒྲགས། (ཨང་དང་པོ།) 

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2022ལོའི་བྱ་བའི་གཙོ་གནད་དང་ལྟ་སྐུལ་བྱ་བའི་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2022ལོའི་ཟླ3པར་ཁྲིམས་འཛིན་བརྟག་དཔྱད་ཚན་ཆུང་འཛུགས་རྒྱུ་ཡིན་པ་དང་། 《ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྐུལ་འདེད་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྐུལ་འདེད་སྲོལ་ཡིག》(གཤམ་ནས“ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ཅེས་བསྡུ་རྒྱུ)ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་བརྟག་དཔྱད་བྱས། 

ལྟ་སྐུལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། གོ་རིམ་ཡོངས་སུ་མི་དམངས་དམངས་གཙོའི་བླང་བྱ་དོན་འཁྱོལ་བྱ་ཆེད། ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་མཉན་པ་དང་། སྤྱི་ཚོགས་ལས་རིགས་སོ་སོ་དང་། དམངས་ཆེན་འཐུས་མི། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཁ་པར་དང་། འཕྲིན་ཡིག གློག་རྡུལ་ཡིག་ཟམ། གློག་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་དེ། ཟླ4པའི་ཚེས8ཉིན་གྱིི་སྔོན་ལ་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས“ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། དེའི་གནད་དོན། ལེགས་བཅོས་བྱེད་ཐབས། “ཁྲིམས་གཅིག་དང་སྲོལ་ཡིག་གཅིག”གི་འབྲེལ་ཡོད་གཏན་འབེབས་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་འདོན་པར་དགའ་བསུ་ཡོད། 

ཆེད་དོན་སྤྱི་བསྒྲགས་བྱས། 

འབྲེལ་གཏུག་ལས་ཁུངས། མཚོ་སྔོན་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རྩལ་རིག་གནས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། 

ས་གནས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ལྔ་གཅིག་ལམ་ཨང16པ། 

ཁ་པར། 0971—8457050 8451573(བརྙན་སྐྱེལ)

གློག་རྡུལ་ཡིག་ཟམ། qhrdjkw@126.com

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།

2022ལོའི་ཟླ2པའི་ཚེས28ཉིན། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།