ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ཆེ་ཤོས་བཙུགས་པའི་ལོ་ཐོག་མར་གྲུབ་འབྲས་ཆེན་པོ་བླངས་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2021ལོར་གཙང་གསུམ་འབྱུང་ཡུལ་དང་། དོམ་ཁྲ། བྱང་ཤར་གྱི་སྟག་གཟིག་སོགས་ཀྱི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྐོར་དང་པོ་འཛུགས་པར་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་གྱིས་སྐྲུན་བཞིན་ཡོད།

གཙང་གསུམ་འབྱུང་ཡུལ་ནི་འཛམ་གླིང་གི“སྣེ་གསུམ་པ”ཞེས་པའི་མཚོ་བོད་མཐོ་སྒང་དུ་གནས་ཤིང་། ཆ་སྙོམས་ས་བབ་སྨི4712ཟིན་པ་དང་། དེ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་ཀྱིན་ཡོད། 2015ལོའི་ཟླ12པར། ཀྲུང་གོའི་གཞུང་ཕྱོགས་ཀྱིས《གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཇུས་གཞིར》གྲོས་འཆམ་བྱུང་ནས་གཙང་གསུམ་འབྱུང་ཡུལ་དེ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་ཨང་དང་པོ་རུ་གྱུར་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ས་ཚིགས་ཐོག་མར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི12.31ཟིན་པ་དང་། དེ་ནི་ཧྥུའུ་ཅན་ཞིང་ཆེན་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་དང་ཉེ་བ་རེད།

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། དངོས་སུ་བཙུགས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ལེགས་སྒྲིག་ཁྱབ་ཁོངས་དང་བྱེད་ནུས་ཡན་ལག་ཁུལ་ཇེ་ལེགས་སུ་བཏང་ཞིང་། དཔེར་ན། རྨ་ཆུ་དང་འབྲི་ཆུའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་བཅུག་པ་དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་གཙོ་བོ་ཚང་མ་ལྟེ་བའི་སྲུང་སྐྱོང་ཁུལ་དུ་བཅུག་པས། རང་བྱུང་སྐྱེ་ཁམས་མ་ལག་དེ་མ་ལག་རང་བཞིན་དང་ གདོད་མའི་རང་བཞིན། ཆ་ཚང་རང་བཞིན་བཅས་སྲུང་སྐྱོང་བྱས་ནས། ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་གྱུར་ཡོད།

དེ་དང་ཆབས་ཅིག་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ནུས་བ་ལེགས་གཏོང་ཁུལ་གྱིས་སྲུང་སྐྱོང་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚོད་ལྟའི་ཁུལ་ནང་གི་ཤང་དང་གྲོང་རྡལ་གྱི་འཛུགས་སྐྲུན་ཁུལ་དང་། གྲོང་ཚོ་གལ་ཆེན་གྱི་འདུས་སྡོད་ས་ཚིགས། མཚོ་བོད་ལྕགས་ལམ་ལམ་རྒྱུད་སྤྱི་གླིང་གི་ཁྱབ་ཁོངས་སུ་བཅུག་ཡོད། ཁྱབ་ཁོངས་བསྡུ་སྒྲིལ་ལེགས་གཏོང་བྱས་རྗེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི19.07ཟིན་པ་དེ་འབྲི་སྟོད་དང་ཆུ་དམར་ལེབ། རྨ་སྟོད། རྫ་སྟོད་བཅས་རྫོང་བཞི། ན་གོར་མོ་གྲོང་ཁྱེར་དང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་ས་ཁོངས་བཅས་དང་འབྲེལ་བས། བསྡོམས་པས་ཤང་དང་གྲོང་རྡལ15དང་སྲིད་འཛིན་གྲོང་ཚོ68ཡོད།

2021ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞི་འཛུགས་པའི་ཇུས་གཞི》བཟོས་ནས། དོ་དམ་ཅུའུ་དང་དོ་དམ་ཡན་ལག་ཅུའུ། སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་བཅས་འཛུགས་པའི་བསམ་འཆར་གསལ་བོ་བཟོས་པ་དང་། ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས། མགོ་ཁྲིད་ཀྱི་གོ་གནས་དང་ལས་འགན་སོགས་ཀྱི་ཐད་ནས་དགོས་མཁོ་བཏོན།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། མིག་སྔར《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》བཟོ་བཞིན་ཡོད་ཅིང་། མིག་སྔར་བཟོ་བཅོས་ཡང་ཡང་བརྒྱབ་ནས་འཐུས་ཚང་དུ་བཏང་བ་བརྒྱུད《སྤྱིའི་འཆར་འགོད》ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་གཞི་རྩའི་ཆ་ནས་གྲུབ་པ་དང་། ད་ལྟ་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་གླིང་ཁུལ་གནས་སའི་ས་གནས་ཏང་ཨུའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་བཞིན་ཡོད་པ་མ་ཟད།《སྤྱིའི་འཆར་འགོད》ཀྱི་ཆེད་མཁས་པའི་རིགས་པས་ཁུངས་སྐྱེལ་དང་དཔྱད་ཞིབ་ཚོགས་འདུ་ཡང་འཚོགས་པ་རེད།

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། མིག་སྔར། 2020ལོར་གཙང་གསུམ་འབྱུང་ཡུལ་དུས་ཐེངས་གཉིས་པ་དང་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞིས་རྣམ་གྲངས་མ་དངུལ་སྒོར་ཁྲི25545རྩིས་མཇུག་བསྒྲིལ་ནས། གཙོ་བོ་ས་ནག་ཐང་བཅོས་སྒྲིག་དང་། རྩྭ་ར་ཞན་འགྱུར་ལེགས་བཅོས། ཐང་རྒོད་སྐྱེ་ཁམས་མ་ལག་འགོག་བཅོས། བརླན་ས་དང་གངས་རི་འཁྱགས་རོམ་སྲུང་སྐྱོང་། རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས།

དེ་དང་ཆབས་ཅིག2020ལོར་ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་མ་དངུལ་སྐོར་ཐེངས་གཉིས་བ་སྟེ་མུའུ་ཁྲི7.7བཅོས་སྒྲིག་བྱས་ཤིང་། ལོ་ཧྲིལ་པོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར5.11དོན་འཁྱོལ་བྱས་ནས། མིའི་རིགས་ཀྱི་འགུལ་སྐྱོད་སྤེལ་ཡུལ་ཉམས་གསོ་དང་། ས་ནག་ཐང་བཅོས་སྒྲིག རྩྭ་ཐང་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན། རང་བྱུང་སློབ་གསོའི་སློབ་ཁང་སོགས་ཀྱི་དྲིལ་སྒྲོག་སློབ་གསོའི་སྒྲིག་ཆས་འཛུགས་སྐྲུན། སྐོར་སྲུང་ལམ་བུར་གནོད་འཚེ་ཕོག་མཁན་བཅོས་སྒྲིག ཁོར་ཡུག་བཅོས་སྐྱོང་གི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན། ཆུ་འགོའི་གསོ་སྐྱོང་བྱ་ཡུལ་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་རྣམ་གྲངས་གཙོ་གནད་དུ་ལག་བསྟར་བྱས།

གཞན་ཡང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གསའ་དང་འཚོ་སྡོད་ཁུལ་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བྱས་ནས། རྫ་ཆུའི་འབྱུང་ཡུལ་དང་འབྲི་ཆུའི་འབྱུང་ཡུལ་དུ་བསྡོམས་པས་སྨི་གྲུ་བཞི་མ7500ཁྱབ་ཁོངས་སུ་གསའ་ཡི་གྲངས་འབོར་དང་མང་ཉུང་། ཁྱུ་ཚོགས་བཅས་ཀྱི་འགུལ་རྣམ་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2021ལོར2022ལོའི་གཙོ་གནད་རྣམ་གྲངས་སྙན་ཞུ་ཁག་གསུམ་ལེགས་འགྲུབ་བྱས་པར་རེ་ཞུ་བྱས་པའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར5.43ཟིན་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་བཤད་རྒྱུར། 2022ལོར་མཐུན་སྦྱོར་ལམ་སྲོལ་གྱི་ནུས་བ་འདོན་སྤེལ་གང་ལེགས་བྱས་ནས། སྒྲིག་སྲོལ་དང་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཐག་གཅོད་ཡག་པོ་བྱ་རྒྱུ་དང་། རྒྱུན་གཏན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།