ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་དོ་དམ་ལ་ཤུགས་བསྣན་ནས་མཚོ་བོད་མཐོ་སྒང་གི་དེང་རབས་ཅན་གྱི་རྩེ་གྲའི་གྲོང་ཁྱེར་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཁུལ་ཡོངས་འཕེལ་རྒྱས་གཏོང་བའི“ཞབས་ཞུ་དང་། ཁྱབ་འགྱེད། སྐུལ་ཁྲིད། འདེགས་སྐྱོར”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་དོ་དམ་དང་ཞིབ་ཚགས་ཅན་གྱི་དོ་དམ། རིག་ནུས་ཅན་གྱི་དོ་དམ་བཅས་མངོན་འགྱུར་ཡོང་བའི་གཟུགས་བརྙན་ལ་འབད་བརྩོན་དང་། གཟི་བརྗིད་ལྡན་པའི་དམག་འཐབ་ཡག་པོ་བརྒྱབ་ནས་མཚོ་བོད་ས་མཐོའི་དེང་རབས་ཅན་གྱི་རྩེ་གྲའི་གྲོང་ཁྱེར་མགྱོགས་མྱུར་གྱིས་འཛུགས་བསྐྲུན་བྱ་རྒྱུ་རེད།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ནང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་གྲོང་ཁྱེར། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར། ས་མཐོའི་རིག་ནུས་དོ་དམ་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བཅས་ཀྱི་དམིགས་ཚད་དམ་འཛིན་བྱས་ཏེ་གྲོང་ཁྱེར་དོ་དམ་བྱ་གཞག་གི་སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ། སྔར་བས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། གྲོང་ཁྱེར་གྱི་སྤྱིའི་གཞི་ཁྱོན་དང་། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད། གྲོང་ཁྱེར་གྱི་ཕྱིའི་རྣམ་པའི་སྤུས་ཚད། ལས་རིགས་ཀྱི་ཞབས་ཞུ། གྲོང་ཁྱེར་དོ་དམ་སོགས་ཀྱི་ཐད་གནས་པའི་གནད་དོན་གྱི་ཞན་ཆར་དམ་པོར་དམིགས་ནས་འགག་སྒྲོལ་དཀའ་སེལ་གྱིས་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཞིབ་ཚགས་ཅན་གྱི་དོ་དམ་ཐད་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་། ངེས་གནས་གསར་པ་ཁ་གསལ་བཟོས་ནས་གྲོང་ཁྱེར་དོ་དམ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ཟུང་འབྲེལ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་མཉམ་འགུལ་དང་གྲོང་ཁྱེར་གྱི་སྙིང་སྟོབས་སྐྱེད་སྲིང་བྱས་ནས་རང་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས། འཕེལ་རྒྱས་ཀྱི་ལེགས་ཆ་དམ་འཛིན་དང་། སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། གྲོང་ཁྱེར་གྱི་གྲུབ་ཆ་ལེགས་སྒྲིག་བཅས་བྱས་ཏེ་ལྟེ་བའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཞབས་ཞུ་དང་། ཐོན་ལས་གཅིག་སྡུད། ཁྱབ་འགྱེད་དང་སྐུལ་ཁྲིད་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།