ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་སྟོད་རྫོང་གིས་བྱེད་ནུས་སྣ་མང་འདོན་སྤེལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། “དམ་འཛིན་དང་། བེད་སྤྱོད། གསོན་ཤུགས། སྟོབས་ཆེན”བཅས་ཀྱི་ཏང་ཀྲི་པུའུ་ཡི་བཟོ་སྐྲུན་ལག་ལེན་ཤུགས་ཆེན་བསྟར་བའི་རྨང་གཞིའི་ཐོག ཏང་ཡོན་དང་མང་ཚོགས་ཀྱི་རེ་ཞུ་དེ་བརྡ་རྟགས་སུ་བྱས་ནས། བྱེད་ནུས་སྣ་མང་འདོན་སྤེལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་།

འབྲི་སྟོད་རྫོང་གིས་མཉམ་འབྲེལ་ས་ཚིགས་ཡུལ་དངོས་སུ་མགོ་ཁྲིད་ཡོད་པ་དང་། ལས་བྱེད་པས་ཡུལ་དངོས་དང་པོར་རོགས་སྐྱོར་བྱེད་པ། ཏང་ཡོན་གྱིས་ཡུལ་དངོས་དང་པོར་ཞབས་འདེགས་ཞུ་བ། དཀའ་གནད་ཡུལ་དངོས་དང་པོར་སེལ་བ། ལམ་ལུགས་ཡུལ་དངོས་དང་པོར་འཐུས་ཚང་དུ་གཏོང་བ། རྩ་འཛུགས་ཡུལ་དངོས་དང་པོར་ཇེ་དྲག་ཏུ་གཏོང་བ་སོགས་ལས་ཀའི་གཙོ་གནད་དུ་བྱས་ཏེ། སྲིད་ཇུས་ལ་མཐོང་ཆེན་དང་། དམངས་ཀྱི་འདོད་བློར་ཉན་པ། དྲོ་སྐྱིད་སྦྱིན་པ། དམངས་ཀྱི་སེམས་ཁྲལ་སེལ་བ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ། རྫོང་རིམ་པའི་ཏང་ཡོན་ལས་བྱེད་པ་མི་རེས་གྲོང་ཚོ1ལ་མཛུབ་སྟོན་དང་། ལས་ཁུངས་ཁག་གི་ཏང་ཀྲི་པུའུ་ཡིས་གྲོང་ཚོ1ལ་རོགས་སྐྱོར་བྱེད་པ། རྩ་འཛུགས་སྡེ་ཁག་གི་ལས་བྱེད་པ་མི་རེས་ཤང་དང་གྲོང་རྡལ1གི་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པའི་འགན་འཁུར་བར་མཐུན་སྦྱོར་ཧུར་ཐག་བྱས།

རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་བྱེད་ཕྱོགས་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གཙོ་གནད་དུ་དམིགས་ཏེ། དམངས་འཚོར་ཕན་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་ཁས་ལེན་བྱས། ལས་ཁུངས(ཤང་གྲོང)ཏང་ཀྲི་པུའུ་ཡིས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། ཕན་ནུས་ཆེར་བསྐྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། དམངས་འཚོ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཁས་ལེན་བྱས། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མང་ཚོགས་སྣེ་ཁྲིད་དེ་ཁྱིམ་དར་ཕྱུག་འགྱུར་དང་། ཤེས་དཔལ་ལྡན་པའི་གྲོང་ཚོའི་སྤྱོད་ཚུལ་སྐྱེད་སྲིང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ཁས་ལེན་བྱས།

དཔུང་ཁག་འཛུགས་སྐྱོང་ཚད་ལྡན་ཅན་དང་། སློབ་གསོ་དོ་དམ་ཚད་ལྡན་ཅན། བྱེད་སྒོའི་གཡུལ་ས་ཚད་ལྡན་ཅན་བཅས་སུ་འགྱུར་བ་དང་། སྒྲིག་འཛུགས་འཁོར་སྐྱོད་ཚད་ལྡན་ཅན་དུ་འགྱུར་བ། རྩིས་ཐོའི་དཔྱད་ཡིག་ཚད་ལྡན་ཅན་དུ་འགྱུར་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྤུས་འདེགས་ཕན་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དཔུང་ཁག་ཤུགས་ཆེན་པོས་ཇེ་ལེགས་སུ་གཏོང་བ་དང་། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཏང་དོན་ལས་དོན་པ་གསོ་སྦྱོང་བྱས་ཏེ། ལས་ཀའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ཏང་རྩ་འཛུགས་ནང་ཁུལ་གྱི་ལས་བགོས་འགན་འཁྲི་ཁ་གསལ་བཟོས་པ་དང་། རང་འགན་གཙང་སྒྲུབ་ཀྱི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ཏང་ནང་ཁུལ་གྱི་ལས་དོན་ཁག་ཧུར་ཐག་གིས་སྒྲུབ་དགོས་ལ། ཏང་འཛུགས་སྐྱོང་ཡིག་ཆའི་གློག་རྡུལ་པར་གཞིའི་རྩིས་ཁྲ་ཅན་དང་ཤོག་རིགས་པར་གཞིའི་རྩིས་ཁྲ་ཅན་གཉིས་མཉམ་བགྲོད་དོ་དམ་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ། གཞི་འཛིན་ས་དང་རྟེན་ས་ཡོད་པར་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།