ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་དང་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། 2022ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་དང་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་སློང་དང་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་ཟི་ལིང་དུ་འཚོགས། 

གྲོས་ཚོགས་སྟེང་བསྟན་དོན། 2021ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲ་བརྟན་གྱི་མགོ་ཁྲིད་དང་། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ས་གནས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས། “གཟབ་ནན་བཞིའི་”བླང་བྱ་ལྟེ་བར་བཟུང་སྟེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། མི་དམངས་ཀྱི་བདེ་ཐང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཨང་དང་པོར་འཇོག་པ། སྨན་རྫས་བདེ་འཇགས་ལས་དོན་ལེགས་པོར་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་བསམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ལ། ཞིང་ཆེན་ཡོངས་ཀྱི་སྨན་རྫས་བདེ་འཇགས་བཅོས་སྐྱོང་ཆུ་ཚད་རིམ་བཞིན་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་སྟེང2022ལོའི་སྨན་རྫས་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ལས་དོན་ཁག་ནན་ཏན་སྒོས་ལེགས་པོར་བསྒྲུབ་དགོས་པའི་ཐད་བླང་བྱ་བཏོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ་དང་། སྨན་རྫས་བདེ་འཇགས་ཀྱི་དུས་བབ་བརྟན་ལྷིང་ལ་ནན་ཏན་གྱིས་སྲུང་སྐྱོང་བྱེད་པ། སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་དུ་གཏོང་བ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏོང་བ། སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ། སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “གཟབ་ནན་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འབྱུང་རྩ་ནས་ནན་འགོག་དང་བརྒྱུད་རིམ་ཁྲོད་ཀྱི་དོ་དམ་གཟབ་ནན། ཉེན་ཁ་དང་ཚོད་འཛིན་ནན་མོ་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་ལ་ཁག་ཐེག་དང་མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་དང་ཚད་མཐོའི་ཆུ་ཚད་བརྩོན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། སྨན་རྫས་ལྟ་སྐུལ་དོ་དམ་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་བླངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།