ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་མི་མེད་ལས་རེས་ས་ཚིགས་སུ་ཚད་བརྒལ་སྒྲ་རླབས་ཀྱི་རླུང་བརྒྱུད་སྒྲིག་ཆས་སྒྲིག་སྦྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས28ཉིན།  མཚོ་སྔོན་ཞིང་ཆེན་རླུང་ཁམས་ཆེན་མོའི་འཚོལ་ཞིབ་ལག་རྩལ་འགན་ལེན་ལྟེ་གནས་ཀྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་ཆ་འཕྲིན་དང་ལག་རྩལ་འགན་ལེན་ལྟེ་གནས།  འབྲེལ་ཡོད་གནམ་གཤིས་ས་ཚིགས་བཅས་ཀྱི་གཞོགས་འདེགས་འོག་ས་བབ་མཐོ་བ་དང་འཁྱག་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་སྨིག་སའི་སོག་ལམ་དང་སྡོམ་མདའ་གྲོང་རྡལ་གཉིས་ཀྱི་ལས་རེས་མེད་པའི་ས་ཚིགས་གཉིས་སུ་ཚད་བརྒལ་སྒྲ་རླབས་ཀྱི་རླུང་བརྒྱུད་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་སྒྲིག་སྦྱོར་བྱས་པའི་ཚད་བརྒལ་སྒྲ་རླབས་རླུང་བརྒྱུད་སྒྲིག་ཆས་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་སྟེགས་བུ་ས་ཚིགས་ཀྱིས་ཚད་བརྒལ་སྒྲ་རླབས་ཀྱི་རླུང་བརྒྱུད་སྒྲིག་ཆས་སྤྱོད་ཐེངས་དང་པོ་ཡིན་པ་མ་ཟད།  མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་མི་མེད་ལས་རེས་ས་ཚིགས་གཉིས་སུའང་སྤྱོད་ཐེངས་དང་པོ་ཡིན།  ཚད་བརྒལ་སྒྲ་རླབས་རླུང་བརྒྱུད་སྒྲིག་ཆས་ཀྱིས་དུས་ངེས་མེད་དུ་ཚད་འཇལ་བྱེད་པ་དང་གཟུགས་གཅིག་གྲུབ་ཆའི་ཇུས་འགོད།  སྐབས་བསྟུན་ཧེ་བག་གི་དབྱེ་འབྱེད་ལག་རྩལ་བཅས་ལ་བརྟེན་ནས་གཞི་གྲངས་ཡང་དག་དང་གཏན་འཇགས།  སྒྲིག་ཆས་བེད་སྤྱོད་ཀྱི་དུས་ཡུན་དེ་ལས་རིང་བས་སྟེགས་བུའི་ས་ཚིགས་ཀྱི་ལག་རྩལ་མི་སྣའི་སྲུང་སྐྱོང་ལས་དོན་ཇེ་ཡང་དུ་ཕྱིན་པ་དང་སྲུང་སྐྱོང་བྱེད་པའི་མ་རྩའང་དམའ་རུ་ཕྱིན་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།