ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གྱི་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་མཚོན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་གཏིང་ཟབ་ཏུ་གཏོང་ཆེད། སྤྱི་ཚོགས་ཡོངས་ལ་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོན་རྟགས(LOGO)འཚོལ་སྡུད་བྱས་པའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གཟུགས་བརྙན་མཚོན་རྟགས་ཇུས་འགོད་བྱས་པ་མ་ཟད། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟུགས་བརྙན་མཚོན་རྟགས་ཚད་ལྡན་ངང་བེད་སྤྱོད་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས།

LOCAL202202231656000354862068884.jpg

LOCAL202202231656000585195525657.jpg

པར་འདི་ནི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟུགས་བརྙན་མཚོན་རྟགས་ཀྱི་ཚད་གཞིའི་རྣམ་པ་དང་རྟགས་མའི་རྣམ་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟུགས་བརྙན་མཚོན་རྟགས་ཀྱི་སྤྱིའི་བཟོ་དབྱིབས་ལ་སེ་འབྲུའི་རྣམ་པ་མངོན་པ་དང་། བཟོ་དབྱིབས་སྐོར་ཞིག་ཁུ་ནུ་རི་རྒྱུད་དང་འདྲེས་པར་བྱས་ལ། རི་འདབས་ཀྱི་བཞུར་ཆུའི་བཟོ་དབྱིབས་དེ་གཙང་གསུམ་འབྱུང་ཡུལ་མཚོན་པ་བཅས་ཀྱིས་ཀྲུང་ཧྭའི་ཆུ་ལྕོག་མཚོ་བོད་མཐོ་སྒང་སྟེང་འགྱིང་ངེར་ལངས་པ་དང་། སྔོན་པོ་དང་སེར་པོ། ལྗང་ཁུ་བཅས་གཙོ་རྐང་གསུམ་པོས་བཞུར་བཞིན་པའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་མཚོན་ཡོད། མཚོན་རྟགས་དེ་ཆུ་བོ་ལས་གྲུབ་པའི“56”རྟགས་ཅན་གྱི་རི་མོ་དང་མི་རིགས56གི་མཐུན་སྒྲིལ་ཆེན་མོ་མཚོན་པ། མི་རིགས་སོ་སོའི་མཐུན་སྒྲིལ་རོགས་རེས་བཅས་དམ་པོར་འབྲེལ་ནས། མི་རིགས་སོ་སོའི་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་དང་གསར་གཏོད་བྱེད་སྒོར་སྤྱོད་རྒྱུ་དང་འབྲེལ། མི་རིགས་དང་རིག་གནས། ཡུལ་སྐོར་སོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་དྲིལ་སྒྲོག་བྱེད་སྒོ་དང་བེད་སྤྱོད་ཆོག་པའི་སྨྱན་བྱད་ཁྲོད་རྒྱ་ཁྱབ་པའི་ངང་དྲིལ་སྒྲོག་དང་ཁྱབ་གདལ། བེད་སྤྱོད་བཅས་བྱ་རྒྱུ་ཡིན་པ་རེད། 

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་ལས་དོན་དེ“མགོ་ཁྲིད་གཙོ་བོའི”བཟོ་འགོད་དུ་བརྩིས་ནས་འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ཆགས་སྟངས་ཁྲོད་བཅུག་པ་དང་། ཧྲུའུ་ཅི་དང་ཧྲིན་ཀྲང་གིས“ཙུའུ་ཀྲང་གཉིས”ཀྱི་འགན་འཁུར་རྒྱུ་དང་། རྒྱུན་ཨུ་དང་ཧྲིན་ཀྲང་གཞོན་པ5ཡིས་ཙུའུ་ཀྲང་གཞོན་པའི་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལས་དོན་གྱི་མགོ་ཁྲིད་ལམ་ལུགས་བརྟན་པོ་འཛུགས་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་རྣམ་ཅན་གྱི་མི་རིགས་ལས་དོན་ལ་ཞིབ་འཇུག་བྱས་ནས་རྟོག་ཞིབ་བྱས་པ་བརྒྱུད། སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ20གྲུབ་པ་རེད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུ་འཚོགས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་འབྲེལ་ཡོད་ཀྱི་ལག་བསྟར་བསམ་འཆར་བཏོན་ནས། ཡུན་རིང་དང་རྩ་བར་དོ་དམ་བྱེད་པའི་བྱ་བའི་ལམ་ལུགས་ཁག26བཙུགས་པ་རེད། 

རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པར་མཐུན་སྒྲིལ་དང་འབད་འཐབ་ལྷོད་མེད་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།