ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཀྲི་ཝུན་གྱིས་དཔྱིད་ཀའི་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས22ན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཟི་ལིང་གྲོང་ཁྱེར་ནས་དཔྱིད་ཀའི་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྐོར་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར།  སློབ་མགོ་རྩོམ་པའི་གྲ་སྒྲིག་དང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས།  སློབ་རའི་བདེ་འཇགས་བྱ་བ་བཅས་བཟང་བོར་བསྒྲུབ་པར་གཅིག་གྱུར་གྱི་འཆར་འགོད་བྱས་ནས།  བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སློབ་མགོ་རྩོམ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

དབྱང་ཀྲི་ཝུན་སྔ་གཞུག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་དང་ཧྲི་ལིས་ཕུའུ་སློབ་ཆུང་།  སློབ་འབྲིང་ཉེར་གཉིས་པ་བཅས་ལ་སོང་ནས་སློབ་གྲྭའི་སྨན་བཅོས་དང་རིམས་འགོག་དངོས་ཟོག་གྲབས་གསོག  བདེ་འཇགས་འགན་སྲུང་།  སློབ་ཁང་དང་དཔེ་དེབ།  ཟ་ཁང་དང་ཉལ་ཁང་སོགས་ཡུལ་གནས་གཙོ་བོར་དངོས་སུ་ལྟ་ཞིབ་བྱས་པ་དང་།  ཁོངས་གཏོགས་ས་ཆའི་སྲིད་གཞུང་དང་སློབ་གསོ་སྡེ་ཁག  སློབ་གྲྭའི་འགན་ཁུར་བློ་མཐུན་དང་བརྗེ་རེས་གཏིང་ཟབ་བྱས་ལ།  དགེ་སློབ་ཚོ་ཕྱིར་སློབ་གྲྭར་འགྲོ་བའི་བཀོད་སྒྲིག་དང་སློབ་གསོའི་སློབ་ཁྲིད་འཆར་གཞི།  སློབ་རའི་བདེ་འཇགས་དོ་དམ་དང་རིམས་ནད་འགོག་བཅོས་འཕྲལ་བསྟུན་ཐག་གཅོད་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་གསལ་བོ་བྱས།

དབྱང་ཀྲི་ཝུན་གྱིས་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། དཔྱིད་ཀའི་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། སློབ་གསོ་སློབ་ཁྲིད་ཀྱི་གཙོ་གནད་ལ་དམིགས་ནས། གཅིག་བསྡུས་སྒོས་ལྟ་སྐུལ་བྱེད་པ་དང་། སློབ་མའི་སློབ་ཞུགས་དང་དགེ་རྒན་གྱི་གསོ་སྦྱོང་། སློབ་ཁྲིད་བཀོད་སྒྲིག སློབ་དེབ་སྟེར་བ། ཆུ་གློག་དྲོད་ཀྱི་སྒྲིག་ཆས་འཁོར་རྒྱུག་སོགས་བྱ་བ་བཟང་བོར་བསྒྲུབ་ནས། དུས་བཀག་དང་རྒྱུན་ལྡན་ངང་སློབ་གསོ་སློབ་ཁྲིད་སྤེལ་བའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་སྲོལ་ཅན་གྱི་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་དོ་དམ་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། དགེ་སློབ་ཚོའི་བདེ་ཐང་ལ་འགན་སྲུང་བྱེད་དགོས། བདེ་འཇགས་ཀྱི་ཚད་མཐའ་བསམ་བློ་སྲ་བརྟན་དུ་གཏོང་བ་དང་། སློབ་རའི་མེ་གསོད་མེ་འགོག་དང་སློབ་གྲྭའི་རླངས་འཁོར། ཚོད་ལྟ་ཁང་། ཉེན་ཁ་ལྡན་པའི་རྫས་འགྱུར་ཐོན་རྫས། དམིགས་བསལ་སྒྲིག་ཆས། ཟས་རིགས་དང་བཏུང་ཆུ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས། བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུས་སློབ་རའི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།