ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི《སློབ་གསོའི་ལྟ་སྐུལ་མཛུབ་སྟོན་འདྲི་རྩད་བྱ་ཐབས》ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས། ཞིང་ཆེན་སློབ་གསོ་ཐིང་གིས་ཕྱོགས་སོ་སོའ་བསམ་འཆར་བསྡུ་ལེན་དང་ཏན་ཏིག་གི་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་། ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་སྒོས། མཚོ་སྔོན་ཞིང་ཆེན་གྱི《〈སློབ་གསོའི་ལྟ་སྐུལ་མཛུབ་སྟོན་རྩད་འདྲི་བྱ་ཐབས〉ལག་བསྟར་ཞིབ་ཕྲ(ཚོད་ལྟ)(གཤམ་དུ《ལག་བསྟར་དོན་འཁྱོལ》དུ་བསྡུ་རྒྱུ)འཆར་ཟིན་བཀོད་པ་མ་ཟད། ཞིང་ཆེན་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ཟླ2པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་མིང་ཐོག་ནས་དཔར་འགྲེམ་བྱས་ཏེ་ལག་བསྟར་བྱས།
《ལག་བསྟར་ཞིབ་ཕྲ》དེ་ཕྱིར་བཏོན་པ་དེས། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་དབང་གྲགས་ལ་ཤུགས་སྣོན་པ་དང་། རྗེས་ཕྱོགས་ཀྱི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་འདྲི་རྩད་བྱ་ཡུལ་དང་ནང་དོན། རྣམ་པ་དང་གོ་རིམ་གསལ་བོར་བྱས་ཤིང་། རང་ཞིང་གི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་སྒྲིག་གཞི་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་ལྟ་སྐུལ་དང་མཛུབ་སྟོན་བྱེད་ནུས་འདོན་སྤེལ་བྱས་ཏེ། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་དམིགས་གཏད་རང་བཞིན་དང་ཕན་ནུས་རང་བཞིན་མཐོར་འདེགས་སུ་བཏང་སྟེ། ལྟ་སྐུལ་མཛུབ་སྟོན་དང་འགན་འཁྲི་འདྲི་རྩད་ཚད་ལྡན་ཅན་མངོན་འགྱུར་བྱས།
རྒྱུས་ལོན་པ་ལྟར་ན།《ལག་བསྟར་ཞིབ་ཕྲའི》ཕྱོགས་ལྔའི་ཐད་ནས་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་དང་འགན་འཁྲི་འདྲི་རྩད་ཐད་མ་ལག་སྒྲིག་སྲོལ་འཆར་འགོད་བྱས། “སུའི་འགན་འཁྲི་ཡིན་པ་འདྲི་བ”དང་། འདྲི་རྩད་ཀྱི་དམིགས་གཏད་གསལ་བོར་བྱས་ཤིང་།དེར་གཙོ་བོ་ས་གནས་སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་དང་། རིགས་སོ་སོའི་སློབ་གྲྭ་དང་སློབ་གསོ་སྡེ་ཁག་གཞན་དག དེ་མིན་འབྲེལ་ཡོད་ལས་སྒྲུབ་མི་སྣ་བཅས་འདུ།《ལག་བསྟར་ཞིབ་ཕྲ》ལས་གོང་གི་རིགས3གྱི་དམིགས་གཏད་ལ་གལ་ཆེན་འགན་ནུས་ལག་བསྟར་མི་བྱེད་པ་དང་། ཡོངས་སུ་ལག་བསྟར་མི་བྱེད་པའམ་ཡང་ན་སློབ་གསོའི་འགན་ནུས་གནད་དོན་ཡང་དག་པའི་སྒོ་ནས་ལག་བསྟར་མི་བྱེད་པའི་གནད་དོན་ལ། གཏན་འཁེལ་ལྟར་རྩད་འདྲི་དང་། “སུ་ཡོང་ནས་འདྲི་རྩད་བྱེད་པའི”འདྲི་རྩད་གཙོ་གཞི་གསལ་བོར་བྱས། 《ལག་བསྟར་ཞིབ་ཕྲ》ལས་ཞིང་ཆེན་མི་དམངས་སྲིད་གཞུང་གི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་འདྲི་རྩད་བྱ་བར་འགན་ཁུར་བ་དང་། ཁྲིམས་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྩད་གཅོད་བྱེད་པའི་ལས་ཁུངས་དང་། མི་སྒེར་གྱི་འགན་ཁུར་ལ་རྩད་གཅོད་བྱེད་པའི་དུས་མཚུངས་སུ། སློབ་གསོའི་ལྟ་སྐུལ་དོ་དམ་ཤུགས་ཚད་གཅིག་སྒྲིལ་དང་། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་དང་སློབ་གསོའི་སྲིད་འཛིན་ཞིབ་བཤེར་ཆོག་མཆན། ཆད་གཅོད། ཁྲིམས་ལུགས་ལག་བསྟར་གྱི་མཉམ་འབྲེལ་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། ཁྲིམས་ལྟར་འདྲི་རྩད་ཀྱི་འགན་འཁྲི་དོན་འཁྱོལ་དང་། “འགན་ཁུར་ཅི་ཞིག་ཡིན་པ་འདྲི་བ”དང་། འདྲི་རྩད་ཀྱི་ནང་དོན་གསལ་བོར་བྱས་ཤིང་། གཙོ་བོ་ཏང་གི་སློབ་གསོའི་ཁ་ཕྱོགས་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མི་བྱེད་པ། སློབ་གསོའི་འགན་ནུས་གནད་དུ་མི་ཐིངས་པ། སློབ་གསོའི་མཁྲེགས་གཏོར་ལས་འགན་ལེགས་འགྲུབ་བྱས་པ་རྗེས་ལུས་ཡིན་པ། སློབ་སྒྲུབ་བྱ་སྤྱོད་ཚད་ལྡན་མིན་པ། སློབ་གསོ་སློབ་ཁྲིད་སྤུས་ཚད་མར་ཆག་པ། བདེ་འཇགས་གནད་དོན་ཅུང་མང་བའམ་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བར་མཐུན་འགྲིག་མི་བྱེད་པ། “ཇི་ལྟར་འདྲི་རྩད་བྱེད་པ”འདྲི་རྩད་ཀྱི་ལག་བསྟར་གསལ་བོར་བྱས་ཤིང་། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བ་ལག་བསྟར་བྱེད་པའི་གོ་རིམ་བཏོན་པ་དང་། བྱ་བའི་སྒྲིག་རིམ་དང་འབྲེལ་ཡོད་བླང་བྱ། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་ལྟ་སྐུལ་མཛུབ་སྟོན་འདྲི་རྩད་ཀྱི་རིམ་པའི་མ་ལག་འཛུགས་སྐྲུན་བྱས་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱེད་པ་གྲུབ་ཅིང་། རིམ་པ་བཞིན་དོན་འཁྱོལ་བྱེད་པའི་བྱ་བའི་རྣམ་པ་གྲུབ་ཅིང་། དེས་དབང་ཆ་ལས་བརྒལ་བའི་འདྲི་རྩད་ལ་གཡོལ་བ་དང་།གྲོང་ཁྱེར་དང་རྫོང་གི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་འདྲི་རྩད་བྱ་བའི་ལྟ་སྐུལ་མཛུབ་སྟོན་ཤུགས་དྲག་ཏུ་བཏང་ཞིང་། “ཅི་ལྟར་འདྲི་རྩད་བྱེད་པ”ལས། འདྲི་རྩད་ཀྱི་རྣམ་པ་གསལ་བོར་བྱས་ཤིང་། ལྟ་སྐུལ་མཛུབ་སྟོན་བྱས་པའི་ལས་ཁུངས་དང་། སྤྱི་བསྒྲགས་སྐྱོན་བརྗོད། གླེང་མོལ། ལྟ་སྐུལ་མཛུབ་སྟོན་ཡོངས་བསྒྲགས། ཐོན་ཁུངས་སྙོམས་སྒྲིག སྲིད་འཛིན་ཆད་གཅོད་སོགས་ཀྱི་འདྲི་རྩད་རྣམ་པ་སྤྱད་ཡོད། འགན་འཁྲི་བྱ་བའི་ལྟ་སྐུལ་མཛུབ་སྟོན་ལ་དམིགས་ནས། བཀའ་བརྡ་ཞིབ་བཤེར་དང་གླེང་མོལ། ཡོངས་བསྒྲགས་སྐྱོན་བརྗོད། རྩ་འཛུགས་ཐག་གཅོད། ཆད་གཅོད། ཞིབ་དཔྱོད་སྡེ་ཁག་ཏུ་སྤྲོད་པའམ་ཡང་ན་ཁྲིམས་འཛིན་ལས་ཁུངས་སོགས་ལ་སྤྲད་དེ་འདྲི་རྩད་བྱེད་པའི་རྣམ་པ་སྤྱོད་པ་ཡིན། དུས་མཚུངས་སུ། དམངས་སྒྲུབ་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གི་འགན་ཁུར་བའི་ཡང་འབྲེལ་ཡོད་གཏན་འཁེལ་ལ་དམིགས་ནས། གོང་གི་འབྲེལ་ཡོད་འདྲི་རྩད་ཀྱི་རྣམ་པ་སྤྱོད་པ་ལས་གཞན། ད་དུང་ཁྲིམས་ལྟར་ཁྲིམས་འགལ་ངང་ཐོབ་པའི་དངོས་རྫས་དང་ཆད་གཅོད། བཀའ་བརྡ་བཏང་ནས་སློབ་བསྡུ་མཚམས་འཇོག་པ། སློབ་སྒྲུབ་ཐོབ་ཐང་དང་སློབ་སྒྲུབ་འཛིན་ཡིག་མེད་པར་བཟོ་བ་སོགས་ཀྱི་འགན་འཁྲི་འདྲི་རྩད་བྱ་རྒྱུ་རེད། །