ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས2022ལོའི“དཔྱིད་ཀའི་བྱ་འགུལ”གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས7ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་པ་ལྟར་ན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“བརྟན་བརླིང་དྲུག”དང་འགན་སྲུང་དྲུག་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“དུས་ཚིགས་དང་པོར་མགོ་ཡག་པོ་འཛུགས་པའི”བྱ་འགུལ་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད།  ཉེ་ཆར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང2022ལོའི“དཔྱིད་ཀའི་བྱ་འགུལ”གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་འགུལ་སྤེལ།

བྱ་འགུལ་སྟེང“དཔྱིད་ཀར་དྲོད་ཁོལ་སྟེར་བ་དང་ལས་ཞུགས་བྱེད་པར་བརྩེ་བ་ངོ་མ་སྦྱིན་པ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས།  ཟླ1པོའི་ཟླ་མཇུག་ནས་ཟླ3པའི་ཟླ་མཇུག་བར་ཞིང་ཆེན་ནང་ཁུལ་གྱི་ལས་མི་བཀོལ་སྤྱོད་བྱེད་མཁན་གྱི་ཁེ་ལས་དང་མཐོ་རིམ་མཐར་ཕྱིན་སློབ་མ།  ཞིང་ལས་པ།  ལས་ཞུགས་ཐད་དཀའ་ངལ་ཡོད་མཁན་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པར་མི་ཤུགས་ཐོན་ཁུངས་མཁོ་སྤྲོད་ལས་སྟེགས་ནུས་ལྡན་ངང་བསྐྲུན་ནས།  བྱེད་ཐབས་སྣ་ཚོགས་བཏོན་ཏེ་གནད་སྨིན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ནས།  ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དུས་བབ་བརྟན་འཇགས་ངང་ཇེ་ལེགས་སུ་འགྲོ་བར་འགན་ལེན་བྱ་རྒྱུ་རེད། 

དེ་ལས་གཞན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྤྱི་པའི་ལས་ཞུགས་ཞབས་ཞུའི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལས་རིགས་རྩལ་ནུས་གསོ་སྦྱོང་ཁ་གསབ་དང་ལས་རིགས་རྩལ་ནུས་གསལ་འབྱེད་ཁ་གསབ་དོན་འཁྱོལ་བྱེད་པ།  གསོ་སྦྱོང་སྒྲིག་གཞི་ཁག་གིས་ཞོར་ལས་པ་དང་འཚམ་པའི་ལས་ཞུགས་ཁྱད་ཆོས་ལ་དམིགས་ནས་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་མ་ཟད།  ངལ་རྩོལ་འགན་སྲུང་གི་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་རྒྱུན་ལྡན་ཡིན་པ་དང་།  ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།  མཚམས་སྦྱོར་བྱེད་མཁན་སོགས་ཀྱི་ཁྲིམས་འགལ་སྒྲིག་གཞི་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ།  མི་ཤུགས་ཐོན་ཁུངས་ཀྱི་ཚོང་རའི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་གཏོང་བ་བཅས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།