ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་ནགས་རྩྭའི་དཔོན་གྱིས་དངོས་སུ་མེ་འགོག་དམ་འཛིན་བྱས་ཏེ་ནགས་ཚལ་རྩྭ་ཐང་གི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་ཆེད།   རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་ནགས་རྩྭའི་དཔོན་གྱིས་དངོས་སུ་མེ་འགོག་དམ་འཛིན་བྱས་ཏེ་ནགས་ཚལ་རྩྭ་ཐང་གི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།    ཐུན་རིན་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོས་ཚན་གཙོ་གཉིས་ཀྱི་འགན་ཁུར་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་།   གྲོང་ཁྱེར་སྤྱིའི་ནགས་རྩྭའི་དཔོན་གྱིས་མིག་སྔར་གྱི་ནགས་རྩྭའི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་དགོས་པའི་སྐོར་གྱི་བཀའ་རྒྱ་ཕྱིར་བསྒྲགས་ཏེ་ནགས་རྩྭའི་དཔོན་ལམ་ལུགས་ཀྱི་བྱ་བར་སྐུལ་འདེད་བཏང་བ་དང་།    གྲོང་ཁྱེར་རིམ་པའི་ནགས་རྩྭའི་དཔོན་དྲུག་དང་ཡུལ་ཚོ་དང་གྲོང་རྡལ་རིམ་པའི་ནགས་རྩྭའི་དཔོན་ཉེར་གཉིས།   སྡེ་བ་རིམ་པའི་ནགས་རྩྭའི་དཔོན་གྱ་གསུམ།  ནགས་རྩྭའི་ཐོན་ཁུངས་དྲ་རྒྱ་ཅན་གྱི་དོ་དམ་པ་སྟོང་གཅིག་དང་བརྒྱད་བརྒྱ་གྱ་དགུ་བསྐོ་འཇོག་བྱས།   གྲོང་ཁྱེར་གྱིས་གྲོང་རྡལ་ལ་འགན་ཁུར་བ་དང་གྲོང་རྡལ་གྱིས་སྡེ་བར་འགན་ཁུར་བ།  སྡེ་བས་གཞིས་ཁུལ་ལ་འགན་ཁུར་བ།  གཞིས་ཁུལ་གྱིས་གནས་གཏན་ཁུལ་ལ་འགན་ཁུར་བའི་རིམ་བའི་བཞིའི་ནགས་རྩྭའི་དཔོན་ལམ་ལུགས་ཀྱི་འགན་ཁུར་ནང་རྐྱེན་ལག་བསྟར་བྱས་པ་དང་།    རིམ་པ་བགར་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཐད་ཀྱི་ལྟ་རྟོག་དོ་དམ་དང་ཞིབ་བཤེར། མཐུན་སྦྱོར།  བྱ་བར་སྐུལ་བཏང་སྟེ་དོན་འཁྱོལ་བྱེད་རྒྱུ་བཅས་དམ་འཛིན་ནན་མོ་བྱས།       གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་སྡེ་བ་དོན་གཉིས་ཀྱི་སྡེ་མི་དང་ནགས་སྲུང་པ།   རྩྭ་ཐང་གི་དོ་དམ་པ་སོགས་སྐུལ་སློང་བྱས་ཏེ་སྡེ་བ་རེ་རེར་ནགས་སྲུང་དཔུང་སྡེ་བཙུགས་པ་དང་།   དྲ་རྒྱ་ཅན་གྱི་དོ་དམ་བརྒྱུད་དེ་མི་རེར་འགན་འཁྲི་གསལ་བོ་བཟོ་བ་དང་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ་རི་བོར་དོ་དམ་མཁན་ཡོད་པ་དང་ནགས་ཚལ་ལ་སྲུང་སྐྱོབ་མཁན་ཡོད་པ།  མེ་གསོད་མཁན་ཡོད་པ།  འགན་འཁྲི་འཁུར་མཁན་ཡོད་པ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབས།

ནགས་ཚལ་དང་རྩྭ་ཐང་གི་ཐོལ་བྱུང་མེ་སྐྱོན་སྔོན་འགོག་དང་མགྱོགས་མྱུར་ནུས་ལྡན་གྱིས་མེ་གསོད་ཐུབ་པར་འགན་སྲུང་བྱེད་ཆེད།  ཐུན་རིན་གྲོང་ཁྱེར་གྱིས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་དོན་འཁྱོལ་བྱས་ཏེ་གཙོ་བོ་ནགས་ཚལ་རྩྭ་ཐང་གི་མེ་འགོག་དང་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་འགོག་ཐད་མཁོ་གལ་ཆེ་བའི་མེ་གསོད་རླངས་འཁོར་དང་མི་སྒེར་གྱི་མེ་འགོག་སྒྲིག་ཆས་ཉོ་སྒྲུབ་བྱེད་པར་བཀོལ་བ་དང་།   ཁུལ་སྲིད་གཞུང་ཡོད་སའི་ཤར་ནུབ་རི་བོ་གཉིས་ཀྱི་མེ་སྐྱོན་ལ་འགན་སྲུང་བྱེད་ཆེད་ཆེད་ལས་ཕྱེད་ཙམ་གྱི་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་འགོག་དཔུང་སྡེ་ལྔ་དང་མི་བརྒྱ་དང་གྱ་ལྔ་རྩ་འཛུགས་བྱས་ཏེ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་གཅིག་བསྡུས་སྦྱོང་བརྡར་ཐེངས་བཞིར་སྤེལ་བ་དང་།    མེ་གསོད་མེ་འགོག་སྒྲིག་ཆས་དང་སྐོར་ཞིབ་རླངས་འཁོར་སོགས་བླང་བྱ་ལྟར་ཆ་ཚང་བར་བྱས་ནས་མེ་སྐྱོན་འབྱུང་སྐབས་དུས་ཐོག་ཏུ་ཐག་གཅོད་བྱེད་ཐུབ་པར་འགན་སྲུང་ནུས་ལྡན་བྱས།

དེ་དང་མཉམ་དུ། ནགས་རྩྭའི་དཔོན་དངོས་སུ་ནགས་ཚལ་དང་ནགས་སྲུང་ས་ཚིགས་སོགས་སུ་སོང་ནས་ནགས་རྩྭའི་སྐོར་ཞིབ་ཐེངས་བཅུ་གཉིས་དང་།  གྲོང་ཁྱེར་རིམ་པའི་ནགས་དཔོན་གྱི་ནགས་རྩྭའི་སྐོར་ཞིབ་ཐེངས་ཉི་ཤུ།  ཉིན་རྒྱུན་གྱི་ནགས་རྩྭའི་སྐོར་ཞིབ་ཐེངས་གོ་གསུམ་བཅས་སྤེལ་བ་དང་།     རིམ་པ་སོ་སོའི་ནགས་སྲུང་པ་དང་རྒྱལ་དབང་ནགས་རའི་དོ་སྲུང་པ།   འོས་འགན་སྐོར་ཞིབ་པ་སོགས་སྐྱེ་ཁམས་དོ་སྲུང་པས་ཉིན་རྒྱུན་སྐོར་ཞིབ་བྱས་ཏེ་མེ་སྐྱོན་གྱི་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་བྱེད་པ་དང་མེ་སྐྱོན་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱེད་རྒྱུ་རྒྱུན་འཁྱོངས་བྱས།   ཐུན་རིན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་གྲོང་ཁྱེར་སྲིད་གཞུང་གིས་ནགས་ཚལ་རྩྭ་ཐང་གི་མེ་འགོག་ཉེན་ཟོན་གྱི་དོ་དམ་བཀའ་རྒྱ་བསྒྲགས་པ་དང་།   བསང་ཕུད་དོ་དམ་ཚོད་འཛོན་བྱ་བ་དོན་འཁྱོལ་ནན་མོ་བྱས་ལ།   ཤར་ནུབ་རི་བོ་གཉིས་ཀྱི་མེ་སྐྱོན་ཐད་ཀྱི་མངོན་མེད་རྐྱེན་ངན་ཉེར་དྲུག་མེད་པར་བཏང་བར་མ་ཟད།  བསང་ཕུད་ས་ཁ་ཤས་སུ་མེ་འགོག་ལྕགས་སྒམ་སྒྲིག་སྦྱོར་བྱས།   རི་འཛེག་མི་སྣའི་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ནས་ནགས་ཚལ་རྩྭ་ཐང་གི་མེ་འགོག་ལངས་གཟུགས་དོ་དམ་ཚོད་འཛིན་དྲ་རྒྱ་བཙུགས་པ་དང་། བསང་ཕུད་ས་རུ་ཡུལ་ཚོ་དང་སྡེ་བ།  འགན་ཁུར་མི་སྣ་བཅས་རིམ་པ་གསུམ་གྱི་ལྟ་སྐུལ་དོ་དམ་འགན་ཁུར་ལམ་ལུགས་ལག་བསྟར་བྱས་པ་དང་།   ད་ཡོད་ཀྱི་བསང་ཕུད་ས་རུ་མི་གཉིས་ཡན་གྱི་དོ་སྲུང་མི་སྣས་ཉིན་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་པའི་ལས་རེས་ལམ་ལུགས་ལག་བསྟར་བྱས་ཏེ་བསང་ཕུད་ས་རུ་མེ་འགོག་གཅིག་གྱང་མི་འབྱུང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བྱས།

དེ་མིན།   ཐུན་རིན་གྲོང་ཁྱེར་གྱིས་རིམ་པ་སོ་སོའི་ནགས་རྩྭའི་དཔོན་ཁྱིམ་ཚང་དུ་འགྲོ་བ་དང་ཆེད་དོན་བྱ་འགུལ་སྤེལ་བ།   དྲིལ་སྒྲོག་ལག་དེབ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མེ་གསོད་མེ་འགོག་གི་དྲིལ་སྒྲོག་བྱ་བ་རྒྱ་ཆེར་སྤེལ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།