ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་མཚོ་ཤར་གྲོང་ཁྱེར་དུ་ཞིང་གསུམ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཞིང་ལས་ཞིང་སྡེ་དང་ཆུ་བེད། གྲོང་གསེབ་དར་སྤེལ། མཁོ་འཚོང་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་ཁྲིད་ནས་མཚོ་ཤར་གྲོང་ཁྱེར་མེན་ཧི་རྫོང་དང་ལི་ཏུའུ་ཆུས་ཀྱི་ཡུལ་ཚོ་དང་གྲོང་རྡལ་དྲུག་གི་སྡེ་བ་བརྒྱད་དང་། རྫོང་དང་ཡུལ་ཚོའི་མཁོ་འཚོང་མཉམ་ལས་ཁང་དུ་སོང་ནས་དཔྱིད་འདེབས་གྲ་སྒྲིག་ཐོན་སྐྱེད་དང་སྤྱོད་ཁང་གསར་བརྗེ། འཐུང་ཆུའི་བདེ་འཇགས་སོགས་བྱ་བར་རྟོག་ཞིབ་བྱས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་དཀའ་ཁག་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔའི་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་བྱས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱས་ནས་ཞིང་ལས་ཞིང་སྡེའི་གཏན་འཇགས་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས། ཞིང་ལེགས་པོར་འདེབས་དགོས། ཞིང་སར་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་པ་དང་ཞིང་ས་ཞིང་སར་མི་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་ཞིང་སར་འབྲུ་རིགས་མི་འདེབས་པར་བཅོས་སྐྱོང་བྱེད་པར་ཧུར་ཐག་འབད་འཐབ་བྱས་ནས་འབྲུ་རིགས་བདེ་འཇགས་ཐད་རྨང་གཞི་བརྟན་པོ་འདིང་བར་འགན་སྲུང་བྱེད་དགོས། ས་བོན་དང་ལུད་རྫས། ཞིང་སྨན་སོགས་ཞིང་ལས་རྒྱུ་ཆ་གསོག་འཇོག་ལ་མཐུན་སྦྱོར་བྱེད་པ་དང་། ཆུ་ལོག་གི་གཏོར་བཤིག་ཐེབས་པའི་སྒྲིག་ཆས་ཞིག་གསོ་ལ་ཤུགས་བསྣན་ནས་ཞིང་ལས་ཀྱི་དུས་ཚོད་མི་འགྱངས་པར་བྱེད་དགོས། སྒོར་མོ་ལེགས་པར་སྤྱོད་དགོས། ཞིང་ལས་ཐད་བཀོལ་བའི་མ་དངུལ་གཅིག་འདོམས་དང་བེད་སྤྱོད་ཡག་པོ་བྱས་ནས་ཐོན་ལས་ལེགས་པོར་འདེམས་པ་དང་རྨང་གཞིའི་སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་བྱེད་པ། ཞིང་ལས་དང་འབྲེལ་བའི་ལས་གཞིའི་འཆར་འགོད་གསོག་འཇོག་དང་སྔོན་གྱི་རིགས་སྒྲུབ་ལ་ཤུགས་བསྣན་ནས་མགྱོགས་མྱུར་ངང་ལག་བསྟར་དང་ཕན་ནུས་འདོན་སྤེལ་བྱེད་དགོས། དོན་དག་ལེགས་པར་སྒྲུབ་དགོས། རིམ་པ་སོ་སོའི་ལས་བྱེད་པས་དོན་དངོས་སྟེང་བྱ་བ་སྒྲུབ་སྟངས་ལ་ལེགས་བཅོས་བཏང་ནས་ཞིང་གསུམ་བྱ་བར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་པ་མང་ཚོགས་ཀྱི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བླ་ལྷག་བྱས་ནས་དཀའ་ཁག་ཐག་གཅོད་བྱེད་རོགས་མང་ཙམ་དང་གཞན་འགན་ཚབ་སྒྲུབ་བྱེད་པ་ཇེ་ཉུང་དུ་གཏོང་དགོས། རྒྱུན་དུ་ཡུལ་ཚོ་དང་སྡེ་བར་སོང་ནས་མང་ཚོགས་དང་བརྗེ་རེས་བྱེད་པ་དང་། གཞི་རིམ་མང་ཚོགས་ཀྱི་སློབ་གྲྭར་འགྲོ་བ་དང་སྨན་བཅོས་བྱེད་པ། ལམ་དང་ཆུ་གློག་སོགས་ཐོན་སྐྱེད་འཚོ་བའི་དཀའ་གནད་དུས་ཐོག་ཏུ་ཤེས་རྟོག་བྱེད་པ་དང་ཐག་གཅོད་བྱས་ཏེ། དོན་དངོས་སྟེང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།