ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས། ཚོགས་འདུར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི62ཡོད་པ་དང་། དངོས་ཞུགས་འཐུས་མི57ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་ཀྲང་ཀོང་རུང་། མ་ཝེ། ཉའོ་ཁྲིན་ཡོན། ཝུའུ་ཧའེ་ཁུན། ལིའུ་ཐོང་ཏི། ཀྲང་ཧོང་ཡོན། ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝུའུ་ཧའེ་ཁུན་གྱིས་ཚོགས་འདུ་ལ་མགོ་འཛིན་གནང་། གྲོས་ཚོགས་ཀྱི་གྲོས་རིམ་ལ་ཁྱོན་བསྡོམས་ཁག་བཞི་ཡོད་དེ།

གཅིག འཐུས་མི་ཚོགས་པ་སོ་སོས་ནང་མོལ་འོས་མི་དང་འོས་མིའི་གནས་ཚུལ་སྙན་ཞུ་བྱེད་པ།

གཉིས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་ཕུལ་བ།

གསུམ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་ཕུལ་བ།

བཞི། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་ཕུལ་བ།

ཚོགས་འདུའི་སྟེང་རིམ་པ་བཞིན་གྲོས་རིམ་ཁག་བཞི་ལ་གྲོས་འཆམ་བྱུང་།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།