ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་ངོས་འཛིན་ཚད་ལྡན་དང་བྱ་ཐབས་ཚད་ལྡན། ཞིབ་ཕྲ་ཚད་ལྡན་ཡོང་བ་བྱས་ཏེ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་བཅོས་སྒྲིག་ལས་འགན་ཁག་ལེགས་འགྲུབ་བྱེད་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཆེད་དོན་ཚོགས་འདུ་ལ་མགོ་འཛིན་གནང་ནས། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི“གནད་དོན་དཔེ་རིས”བཅོས་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ངོས་འཛིན་ཚད་ལྡན་དང་། བྱ་ཐབས་ཚད་ལྡན། ཞིབ་ཕྲ་ཚད་ལྡན་ཡོང་བ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་སྒོས་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། རྗེས་མཐུད་ལས་དོན་གནད་འཁེལ་དང་ཞིབ་ཚགས་སྒོས་ལེགས་པར་བསྒྲུབ་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་བཅོས་སྒྲིག་ལས་འགན་ལེགས་འགྲུབ་བྱེད་དགོས་པར་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་བསྟན་དོན། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁུལ་གྱི“གནད་དོན་དཔེ་རིས”བཅོས་སྒྲིག་བྱ་རྒྱུ་ནི་གཏེར་ལས་དབང་ཆ་ཕྱིར་འབུད་དང་། བྱེ་རྡོའི་ཐོན་ཁུངས་བསྡུ་སྒྲིལ་ལེགས་སྒྱུར། སྐྱེ་ཁམས་སླར་གསོ། རྩྭ་འདེབས་ལྗང་སྒྱུར། ཐོན་ཁུངས་གང་འགབ་ཅི་སྤྱོད་སོགས་ཕྱོགས་མང་པོའི་ལས་དོན་དང་འབྲེལ་བ་ཡོད་པས་དེ་ནི་མ་ལག་ཅན་དང་། ཡུན་རིང་ཅན། དཀའ་ཚེགས་ཅན་བཅས་ཀྱི་བཟོ་སྐྲུན་ཞིག་ཡིན། ད་ལྟའི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་མགོ་མཇུག་ཡོད་པ་དང་། ལེགས་སྒྲུབ་ལེགས་འགྲུབ། བསམ་བློའི་སྟེང་སྔར་ལས་རང་རྟོགས་དང་བྱ་སྤྱོད་ཐོག་སྔར་ལས་ནུས་པ་ལྡན་པ་བྱས་ཏེ། ལས་འཕྲོ་མི་བྱེད་པ་དང་འགྱོད་སེམས་མི་སྐྱེས་པ་བྱེད་དགོས་པར་བརྗོད།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། “གནད་དོན་དཔེ་རིས”བཅོས་སྒྲིག་དེ་ཆབ་སྲིད་ཀྱི་གལ་ཆེའི་ཆ་རྐྱེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། “གཏན་ཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱེད་དགོས། ད་ལོ་ནི“གྲུབ་འབྲས་སྲ་བརྟན་གྱི་ལོ”ཞིག་ཏུ་བརྩིས་ནས“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བར་རྩ་འཛུགས་བྱེད་པ་དང་རིགས་དབྱེ་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། མིག་སྔར་དང་མ་འོངས་པ་ལ་སྤྱི་འདོམས་བྱེད་པ། སྔོ་ཁེབས་སླར་གསོའི་ཇུས་གཞི་ཇེ་ལེགས་སུ་གཏོང་བ། འདེབས་གསོ་ཁ་གསབ་དང་དོ་དམ་སྲུང་སྐྱོང་དང་བཟང་པོ་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་ཇེ་ནན་དུ་བཏང་ནས་དཔྱད་དཔོག་གི་ཐོ་བསུབ་འགག་སྒོ་ནན་གྱིས་སྲུང་བ་དང་། “རིམ་བཞིའི”ཞིབ་བཤེར་རྩིས་ལེན་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། “ཁག་དྲུག”གི་ལམ་སྲོལ་ལ་ཕྱོགས་སྡོམ་བཟང་པོ་དང་ལག་བསྟར་བཟང་པོ། འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ“རེ་རེ་བཞིན་དཔེ་རིས་གཅིག་ལ་ཡིག་ཚགས་གཅིག”བཟོ་བ་དང་། མ་དངུལ་གྲབས་གསོག ཐབས་ལམ་རྒྱ་ཆེར་གཏོང་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་པ། རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ཏེ“གནད་དོན་དཔེ་རིས”བཅོས་སྒྲིག་བྱས་པ་བརྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གཏིང་ཟབ་སྒོས་མི་རྣམས་ཀྱི་སེམས་ལ་གཤགས་དགོས་པར་བརྗོད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།