ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ཙཱ་ཚན་ཆུང་གིས་བསྒྱུར།   སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲང་སྐྱོང་གསར་གཏོད་རྒྱུན་འཁྱོངས་དང་འགན་སྒྲུབ་ཁག་ཁུར་ལ་ཤུགས་བསྣན་ཏེ་ངོ་མཚར་ལེའུ་གསར་བ་མུ་མཐུད་དུ་རྩོམ་དགོས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས་ཤིང་། མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་གནང་།

微信图片_20220125083420.jpg

ཟླ1པོའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ལི། ཀྲང་ཝུན་ཁུའེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། རྡོ་རྗེ་རབ་བརྟན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཚོགས་ཆེན་སྟེང་རིམ་པ་བཞིན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

微信图片_20220125083428.jpg

མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་མཇུག་སྒྲིལ་བའི་ཚོགས་ཆེན་ལ་མགོ་འཛིན་མཛད་དེ་གཏམ་བཤད་གནང་། ཁོང་གིས་བསྟན་དོན། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་དང་ལས་འགན་སྣ་ཚོགས་བཀོད་སྒྲིག་ཆ་ཚང་བྱས་ཤིང་། མགོ་རྩོམ་ས་མཐོན་པོ་ནས་མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ཞུགས་པར་འཆར་འགོད་བཟང་པོ་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པར་གར་སྟེགས་སྔར་ལས་ཡངས་པོ་འདོན་སྤྲོད་བྱས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྐབས་སུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་སོགས་མགོ་ཁྲིད་བློ་མཐུན་གྲོས་ཚོགས་མགོ་རྩོམ་པ་དང་མཇུག་སྒྲིལ་བའི་ཚོགས་ཆེན་ལ་ཞུགས་ཤིང་། ལས་རིགས་སོ་སོའི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་ཏེ། ཨུ་ཡོན་རྣམས་དང་མཉམ་དུ་མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཇུས་ཆེན་ལ་གྲོས་སྡུར་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་བསམ་པའི་རྣམ་པ་བཟང་པོར་བརྟེན་ནས། སྙན་ཞུ་དག་ལ་གྲོས་ཞིབ་དང་གྲོས་སྡུར་ནན་མོ་བྱས་པ་དང་། གྲོས་མོལ་དང་བརྗེ་རེས་ཟབ་མོ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་གི་ལས་འགན་ལ་དམིགས་ཏེ་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་པ་དང་ཐུན་མོང་གི་ལྟ་བ་གཅིག་སྡུད་རྒྱ་ཆེར་བྱས། ཐེངས་འདིའི་ཚོགས་ཆེན་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་དམངས་གཙོ་མཐུན་སྒྲིལ། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ལ། དེས་མི་དམངས་ཆབ་སྲིད་གྲོས་མོལ་གྱི་དམངས་གཙོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཁྲོད་ཐོན་པའི་ནུས་པ་གལ་ཆེན་མངོན་པར་མཚོན་ཡོད།

微信图片_20220125083432.jpg

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ད་ལོ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་ལམ་གསར་པའི་སྟེང་ཞུགས་པའི་ལོ་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མི་འགྱངས་བར་བསྡུ་རྒྱུ་ཡིན་པས། བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། མི་དམངས་སྲིད་གྲོས་ཀྱི་གཡུལ་ས་གལ་ཆེན་དང་སྟེགས་བུ་གལ་ཆེན། ཐབས་ལམ་གལ་ཆེན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་ཐུན་མོང་གི་ངོས་འཛིན་ཆེས་ཆེན་པོ་དང་སྟོབས་ཤུགས་ཆེས་ཆེན་པོ་གཅིག་ཏུ་བསྡུ་དགོས། གཅིག་ནས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པའི་ཁྲོད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་མགོ་ཁྲིད་ཅེས་པའི་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་འདི་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་བྱས་ཏེ། “གཏན་ཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་པ་དང“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་ཏང་གིས་སྲིད་གྲོས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུ་བཅས་ཀྱི་སྲིད་གྲོས་བྱ་བའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་སྟེང་གཏན་འཁེལ་བྱས་པའི་ལོ་ཧྲིལ་བོའི་གཙོ་གནད་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཏེ། རང་འགན་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱིས“དོན་འཁྱོལ་བྱེད་པ་དང་གཅིག་སྡུད་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་ཁུར་དུ་ལེན་དགོས། གཉིས་ནས་ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་སྡུད་བྱེད་པའི་ཁྲོད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་རྒྱ་ཆེར་བྱེད་པའི་འགན་སྒྲུབ་གོ་རིམ་གཙོ་བོ་དམ་དུ་བཟུང་ནས། སྲིད་གྲོས་ཀྱི་ལས་རིགས་སོ་སོའི་ནུས་པ་དང་ཨུ་ཡོན་གྱི་ལེགས་ཆར་བརྟེན་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཡོངས་ཀྱི“ཚོགསཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་མཁས་པར་བྱས་ཏེ། ལོ་རྒྱུས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་དྲན་ཤེས་ཇེ་བརྟན་དུ་གཏོང་བ། དད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ཡིད་ཆེས་ཆེན་པོས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་བར་ཞུགས་པར་ཁྲིད་སྟོན་བྱེད་དགོས། གསུམ་ནས་གྲོས་མོལ་དང་ཇུས་འདོན་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཁྲོད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པར་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་འགན་ལ་སྔར་ལས་དོ་སྣང་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་དམ་པོར་དམིགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ། དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་སོགས་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱིས་གཏན་འཁེལ་བྱས་པའི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་གྲོས་བསྡུར་རྒྱ་ཆེར་བྱེད་པ། དོན་དངོས་དང་མཐུན་པའི་སྒོ་ནས་བློ་འདོན་ཇུས་འབུལ་བྱས་ཏེ། སྤུས་ཚད་མཐོ་བའི་གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་ཁག་ཅིག་བླངས་ནས། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱིས་གཏན་འབེབས་བྱས་པའི་ལོ་ཧྲིལ་བོའི་གཙོ་གནད་དམིགས་འབེན་དང་ལས་འགན་སྔར་ལས་བཟང་པོར་ལེགས་འགྲུབ་བྱེད་པར་རམ་འདེགས་བྱེད་དགོས། བཞི་ནས་སྤུས་ཀ་དང་ཕན་འབྲས་ཇེ་ཆེར་གཏོང་བའི་ཁྲོད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། དྲང་སྐྱོང་གསར་གཏོད་དང་སྤུས་ཚད་མཐོར་འདེགས། ཕན་འབྲས་ཆེར་གཏོང་བཅས་རྒྱུན་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་ནན་མོ་བྱེད་པ། གྲོས་མོལ་དང་དམངས་གཙོའི་ལག་ལེན་ཐད་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལམ་ལུགས་དང་རྐྱེན་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་ཨུ་ཡོན་གྱི་རང་འཁྲིའི་ནུས་པ། ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་བཅས་ཇེ་ཆེར་གཏོང་བར་ཤུགས་སྣོན་པ། བློ་འདོན་ཇུས་འབུལ་དང་ངོས་འཛིན་གཅིག་སྡུད་ཀྱི་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་གང་ལེགས་ཀྱིས་མཚོན་པར་བྱེད་དགོས། ལྔ་ནས་སྤྱོད་ལམ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཁྲོད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་བརྟན་དུ་གཏོང་བ་དང་། སྤྱོད་ལམ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་ནང་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་བཅས་དོན་འཁྱོལ་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་དག་ཐེར་བཅོས་སྐྱོང་བྱས་ནས། འགན་འཁྲི་སེམས་སུ་ངེས་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་ལེན་དུ་བསྟར་བ། འགན་འཁྲི་ནན་གྱིས་སྒྲུབ་པ་བཅས་བྱས་ནས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་དུ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་བརྩོན་པ། དམངས་སེམས་གཅིག་མཐུན་གྱིས་རྣམ་པ་གསར་བ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དྲང་ནུས་ཆེན་པོ་མུ་མཐུད་དུ་གཅིག་སྡུད་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་བྱ་གཞག་ཧུར་ཐག་གིས་སྒྲུབ་པར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།