ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྒྲིག་སྲོལ་དགེ་མཚན་དེ་ས་གནས་བཅོས་སྐྱོང་གི་ཕན་འབྲས་དུ་བསྒྱུར་ཏེ། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཁྱོན་གྱི་བརྗོད་དོན་ལ་ཞབས་འདེགས་ཞུ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་འགྱུར་བར་བྱ་རྒྱུ་རེད།

གསར་འགྱུར་ཁྱབ་སྒྲོག་ཚོགས་འདུར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་དྲུང་ཡིག་ཁྲུའུ་ཡི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཡན་གྱིས་མགོ་འཛིན་བྱས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཀྲིག་ཕིན་དང་ལི་ཆིན། ལི་ལིས་ཅོན་བཅས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་གྱི་གསར་འགྱུར་སྨྱན་བྱད་གསར་འགོད་པ་ཁྱབ་སྒྲོག་ཚོགས་འདུར་ཞུགས། 

ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཞིང་ཆེན་སྲིད་གྲོས་སྡེ་ཁག་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བང་ཀྲི། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཞུས་ལེན་དབྱིན། ཀྲིག་ཞོས་བུའུ། ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་བུན་ཕིན། ཏིན་ཧྲིན་ཕིན་གཉིས་ཀྱིས་སོ་སོར“ཏང་འཛུགས་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན”དང“ཁྱོན་ཡོངས་ནས་ཆབ་སྲིད་གྲོས་མོལ་གྱི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། ཆེད་དོན་གྲོས་མོལ་གྱི་བྱེད་ནུས་འདོན་སྤེལ་དང”“འགན་འཁྲི་ཤུགས་དྲག་ཏུ་བཏང་ནས་ཨུ་ཡོན་གྱི་གཙོ་ཁྲིད་བྱེད་ནུས་འདོན་སྤེལ་དང”“མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དགེ་མཚན་འདོན་སྤེལ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་མཚོ་སྔོན་གསར་བ་འཛུགས་སྐྲུན”“‘ཞན་ཆ་གཉིས་ཀྱི’གནད་དོན་ཐག་གཅོད་བྱས་ནས། ཁྱོན་ཡོངས་ནས་གཞི་རིམ་སྲིད་གྲོས་ཀྱི་འཕེལ་རྒྱས་རྨང་གཞི”བརྗོད་དོན་དུ་བྱས་ནས། ཟུར་སྣེ་མི་འདྲ་བའི་སྒོ་ནས་རང་ཞིང་གི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་དང་རྒྱབ་སྐྱོར་འོག ཏན་ཏིག་གིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་ནས། གཅིག་མཐུན་གྱི་སྒྲུབ་ཐབས་དང་ཕན་འབྲས་གཅིག་སྒྲིལ་གྱིས། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་འགན་ནུས་ཀྱི་ཁྱད་ཆོས་དང་ཕན་འབྲས་མངོན་ཏེ། མི་དམངས་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་སྡེ་ཁག་གི་སྤྱི་ཚོགས་ཤན་ཤུགས་རྒྱ་བསྐྱེད་པ་རེད་ཅེས་བསྟན། 

གསར་འགོད་པས་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱས་པའི་ལོ་ངོ་བཞིའི་རིང་། ཁྱོན་ཡོངས་ནས་སྲིད་གྲོས་ཀྱི་ཏང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གནས་ཚད་གཏན་འཁེལ་བྱེད་པ་དང་རྐང་བཙུགས་ཏེ། གསར་གཏོད་རྒྱུན་འཁྱོངས་དང་འཚོལ་ཞིབ་དངོས་སྒྲུབ་བྱས་ཏེ། སྲིད་གྲོས་འཛུགས་སྐྲུན་དེ་ཏང་གིས་རིམ་པ་སོ་སོའི་བྱ་བའི་མགོ་ཁྲིད་ཀྱི་གཡུལ་སར་འགྱུར་བར་བྱེད་པ། ཏང་གི་གཞུང་ལུགས་གསར་གཏོད་ཀྱི་མཐུན་སྒྲིལ་སློབ་གསོའི་སྣེ་ཁྲིད་ཀྱིས་ལས་རིགས་ཁག་སོ་སོའི་མི་སྣའི་སྟེགས་བུ་གལ་ཆེན་སྤྱོད་པ་དང་། བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་འགལ་བ་ཞི་འཇགས་དང་གཅིག་མཐུན་གྱི་འདོད་བློ་ཆགས་པར་བྱེད་དགོས། ལོ་ངོ་བཞིའི་རིང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག སྐབས་འདིའི་ཞིང་ཆེན་སྲིད་གྲོས་ཀྱི་བསམ་བློ་ཆབ་སྲིད་སྣེ་ཁྲིད་འོག ཆེད་དོན་གྲོས་མོལ་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་དང་སྤྱི་ཁྱོན་ཞབས་ཞུའི་ཕན་འབྲས་མངོན་གསལ་བླངས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།