ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་ཚོས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས། ཨུ་ཡོན་ཚོས་མཐའ་གཅིག་ཏུ། སྙན་ཞུའི་ནང་གྲུབ་འབྲས་ལ་ཆེ་ཕྱོགས་ནས་སྤྱི་སྡོམ་ཆ་ཚང་བྱས་པ་དང་། གནད་དོན་ལ་དབྱེ་ཞིབ་བྱེད་པའི་ཐད་ནས་དངོས་ཐོག་བདེན་འཚོལ་བྱས་ཡོད་ལ། འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་བསམ་ཕྱོགས་ཧ་ཅང་གསལ་བ་དང་བྱ་བ་བཀོད་སྒྲིག་བྱེད་པའི་ཐད་ནས་གཙོ་གནད་འབུར་དུ་ཐོན་པར་བྱས་ཡོད་ལ། ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་དང་སྔོན་དུ་ཚོད་ལྟ་བྱེད་པའི་སྤོབས་པ་དང་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྙིང་སྟོབས། གསར་གཏོད་འཕེལ་རྒྱས་གཏོང་བའི་ཆོད་སེམས་དང་དམངས་ཚིས་ལེགས་སྒྱུར་བྱེད་པའི་ཡིད་ཆེས་མངོན་པར་བྱས་ཡོད་པ་དང་། དེ་ནི་འགན་སྒྲུབ་ཀྱི་གྲུབ་འབྲས་གཡུར་དུ་ཟ་ཞིང་དམངས་ཚིས་ཀྱི་གྲུབ་འབྲས་བཟང་ལ། མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་པའི་སྙན་ཞུ་ཞིག་རེད་ཟེར།

ཨུ་ཡོན་ཚོས། འདས་པའི་ལོ་གཅིག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན། ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། རིམས་ནད་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་འགོ་བཟང་པོ་བརྩམས་ལ། ཐོན་ལས་ཀྱི་ས་གནས་བཞིའི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ་དང་། དཔལ་འབྱོར་འཁོར་རྒྱུག་འོས་འཚམ་གྱི་བར་སྟོང་དུ་རྒྱུན་འཁྱོངས་བྱས་ལ། གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་ཤིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེར་བསྐྱེད་པ་དང་། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་བརྟན་བརླིང་ངང་མཐོར་འདེགས་སོང་ལ། མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་བརྩམས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་སྔར་ལས་ཇེ་མཐོར་བཏང་ཟེར། ཨུ་ཡོན་ཚོས། 2022ལོའི་བྱ་བའི་གནས་ཐིག་གཏན་ཁེལ་བྱས་པ་ཡང་དག་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་ལ། ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་མཐུན་པ་དང་། ཡིག་འབྲུ་རེ་རེ་ལས་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཡིད་ཆེས་དང་ནམ་ཡང་མི་དམངས་གཙོར་འཛིན་པའི་བརྩེ་སེམས་མཚོན་ཡོད་ཟེར།

ཨུ་ཡོན་ཚོས། ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ། ས་གནས་བཞི་འཛུགས་སྐྲུན་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ། ཞིང་ལས་ཞིང་སྡེ་སྔོན་དུ་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེར་བསྐྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། མང་ཚོགས་ཀྱི་ཆེད་དུ་དོན་དངོས་དོན་བཟང་བསྒྲུབ་པ་དང་དཀའ་ཁག་ཐག་གཅོད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་པ་བླངས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་ལོར་སྲིད་གྲོས་ཀྱི་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།

ཨུ་ཡོན་ཚོས་ད་དུང་མཚོ་སྔོན་ཞིང་ཆེན་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་ནས་ཚུལ་དང་། 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་འཆར་ཟིན་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན་སྙན་ཞུ་ལ་གྲོས་སྡུར་བྱས།   ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།