ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་དང་ཨུ་ཡོན་ཚོས་བློ་འདོན་ཇུས་འབུལ་ལས་དཔལ་འབྱོར་འཕེལ་རྒྱས་གྱི་ལེའུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11575c84-259a-4196-8d25-c1da8fc0b4a1.tif.jpg

དགེ་འདུན་རྒྱལ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།

2022ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་སྔོན་ལ་ལག་བསྟར་དང་ཚོད་ལྟ”བྱ་རྒྱུ་དམ་པོར་དམིགས་ཏེ། རྟེན་གཞི་ཆེན་པོའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གཙང་མའི་དྲོད་འདོན་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་ས་འོག་གི་ཚ་ནུས་ཀྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ། “གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་གློག་ཤུགས”གསར་སྐྲུན་བྱས་པ་བརྒྱུད། སྐྱེ་ཁམས་དང་དཔལ་འབྱོར་ཕྱོགས་གཉིས་ཐད་ནས་ཕན་འབྲས་ཐོབ་པར་འབད་པ་བྱ་རྒྱུ་ཡིན་ཞེས་བཤད། 

f834b289-f375-4a4b-a6ea-f2e685c01473.tif.jpg

ལི་གོ་ཞིག  མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཞིང་སྡེའི་དཔལ་འབྱོར་ཚོང་གཉེར་ཞབས་ཞུའི་ས་ཚིགས་ཀྱི་མགོ་གཙོ།

སྔར་ལས་ལྷག་པར་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་བགྲོད་ལམ་ཇེ་ཡངས་སུ་བཏང་སྟེ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ལ་དམིགས་པ་དང་ཞིང་ལས་ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་དུ་གཏོང་བ། སྒྲིག་བཀོད་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་ཞིང་ལས་ཚན་རྩལ་ལས་ཐོན་པའི་ཕན་བདེ་ལོངས་སྤྱོད་བྱེད་ཐུབ་པར་འབད་པ་བྱ་རྒྱུ་ཡིན་ཟེར། 

8f82fdb6-3ac5-4db1-a244-6a1ff1a60d70.tif.jpg

རིན་ཆེན་སྒྲོལ་མ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ལས་བྱེད་པ།

སྔར་ལས་ལྷག་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕྱི་ཕྱོགས་སུ་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་གནས་སྐོར་ལྗོངས་རྒྱུ་བྱེད་པར་ཕེབས་པ་དང་། གཏིང་ཟབ་མོའི་ངང་རྨ་ལྷོའི་རིག་གནས་ཉམས་ལེན་བྱེད་པ། ནུས་ལྡན་སྒོས་འཛད་སྤྱོད་ཆུ་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ། “རབ་མཛེས་མཚོ་སྔོན·ངོ་མཚར་སྟོང་གི་རྨ་ལྷོ”ཡི་ཟོང་རྟགས་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

f84314ab-c853-4845-8686-29bdb3c790d3.tif.jpg

ཝང་ཞའོ་མའེ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ།

སྒོ་དབྱེ་མཉམ་ལས་ཀྱི་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་ཀྱི་གཉིས་ཕན་ལམ་སྲོལ་བཙུགས་ཏེ། “འོད་ནུས་དང་སྐྱེ་ཁམས་ཐོན་ལས”ཟུང་འབྲེལ་འཕེལ་རྒྱས་གཏོང་བ་བརྒྱུད། འོད་ནུས་བར་མཐོངས་ཀྱི་ཐོན་ཁུངས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད།

660837ee-79d8-4eae-8763-c2d9c37ede17.tif.jpg

ཝུའུ་ཝུན་ཅེ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།

ང་ཚོས་ཧུར་ཐག་སྒོས་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པ་དང་ཞབས་ཞུ་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས། དབང་བའི་ལམ་ལུགས་མི་གཅིག་པའི་དཔལ་འབྱོར་རྩ་འཛུགས་ལ་སྐུལ་སློང་བྱས་ནས་ཚ་ཚ་འུར་འུར་གྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་ཐུབ་པ་བྱེད་དགོས་ཞེས་བཤད།

4bb8b4c9-5008-44c6-9839-496ef1123906.tif.jpg

མ་ཅིན་ཀང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ།

འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་ནས་སྲོལ་རྒྱུན་གྱི“ཐོན་ཁུངས་ལྟ་བའི”རྒྱུན་ལྡན་རང་བཞིན་གྱི་བསམ་གཞིག་ལས་བརྒལ་ཏེ། སྲོལ་རྒྱུན་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་ལས་ཕྱིར་འབུད་བྱེད་དགོས་པ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་རྣམ་པ་གསར་པ་བཏོད་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྲུན་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།