ཀྲུང་གོ་བོད་ཀྱི་དྲ་བ།

བརྙན་མིག་ལས་ཚོགས་ཆེན་གཉིས་ལ་ལྟ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

པར་འདི་དག་ནི་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས21ཉིན། ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་གྱིས་ཚན་ཆུང་ཁག་བགོས་ནས་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་དང་གྲོས་བསྡུར་བྱས་པ་དང་། ཚན་ཆུང་ཁག་གི་ཚོགས་རར་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ལ། འཐུས་མི་དང་ཨུ་ཡོན་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་གླེང་བ་དང་། གྲོས་མགོ་འདོན་པ། འཕེལ་རྒྱས་བརྗོད་པའི་སྒོ་ནས་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཚད་མཐོའི་གདེང་འཇོག་གནང་བ་རེད། འཐུས་མི་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་གསར་བ་འཛུགས་སྐྲུན་བྱས་ནས། ཁྱད་འཕགས་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།