ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བདུན་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ཙཱ་ཚན་ཆུང་གིས་བསྒྱུར།   སྤེལ་དུས། : 2022-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་ཏན་ཏིག་བཏང་ནས།

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

 མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་དུ་འཚོགས་མགོ་བརྩམས།

ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་། ཞིན་ཁྲང་ཞིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།


图一(8732275)-20220122104016_副本.jpg

ཟླ་དང་པོའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བདུན་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

图二(省长亲自审定)(8732272)-20220122104029_副本.jpg

ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི393ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི374ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། 

སྔ་དྲོའི་དུས་ཚོད9ཡི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྱི་མགོ་བརྩམས།

 ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་གནང་།

 ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་ཀྲང་ཀོང་རུང་། མཱ་ཝེ། ཉི་མ་སྒྲོལ་མ། ཉུའོ་ཁྲིན་ཡུང་། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཅཱ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞིན་ཁྲང་ཞིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ《སྲིད་གཞུང་བྱ་བའི་སྙན་ཞུ》ཕུལ། སྙན་ཞུ་བསྡོམས་པས་ཁག་གསུམ་ཏུ་བགོས་ཡོད་དེ། གཅིག་ནི2021ལོའི་བྱ་བ་ཕྱིར་དྲན་དང་། གཉིས་ནི2022ལོའི་དམིགས་འབེན་གཙོ་བོ་དང་གཙོ་གནད་བྱ་བ། གསུམ་ནི་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་རེད།

 ཞིན་ཁྲང་ཞིང་གིས་བཤད་རྒྱུར། 2021ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ལོ་འདི་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་དངོས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཟླ6པར་ཡང་བསྐྱར་དངོས་སུ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ང་ཚོས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་མཚོ་སྔོན་གྱི་བྱས་རྗེས་འཇོག་པར་འཆར་གཞི་ལེགས་པོ་བཀོད་དེ། དཀའ་ངལ་ཁྱད་སེལ་དང་གསར་སྤེལ་གསར་གཏོད། ཁག་ཁུར་དངོས་སྒྲུབ་བཅས་ཀྱི་བསམ་བློའི་སྒུལ་ཤུགས་ཆེན་པོ་བསྣན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་བརྩོན་སེམས་ཆེ་རུ་བསྐྱེད་པ་དང་སྐུལ་མ་ཆེན་པོ་ཐེབས། ལོ་གཅིག་གི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ལ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཏན་ཏིག་གིས་སྤེལ་ལ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་གྱི་མགོ་ཡག་པོ་བརྩམས་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བ། དཔལ་འབྱོར་འཁོར་རྒྱུག་འོས་འཚམ་བར་སྟོང་དུ་སྲུང་འཛིན་བྱས་པ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ནུས་ལྡན་སྒོས་སྐུལ་སྤེལ་བཏང་ནས། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་བརྟན་པོའི་ངང་མཐོར་འདེགས་བྱས་པ་བཅས་བྱས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གཏན་ལ་ཕབ་པའི་དམིགས་འབེན་གཙོ་བོ་མངོན་འགྱུར་ཅུང་བཟང་པོ་བྱས་པ་དང་། གཙོ་གནད་ལས་འགན་ཡོངས་སུ་འགྲུབ་པར་བྱས་པས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་ཐོན་སྐྱེད་རིན་ཐང5.7%འཕར་སྣོན་བྱུང་བ་དང་། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ7.8%འཕར་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང1.3%འཕར་བ་དང་། ལས་ཤོར་གྱི་ཚད་སྔོན་དཔག་གི་དམིགས་འབེན་དུ་ཚོད་འཛིན་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་བྱེད་པའི་མགོ་བཟང་པོ་བརྩམས་པ་དང་། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་གསར་པ་བཏོད་ཡོད།

ཞིན་ཁྲང་ཞིང་གིས་ནན་གྱིས་བཤད་རྒྱུར། གྲུབ་འབྲས་དེ་དག་ལེན་ཐུབ་པའི་ཆེས་གཞི་རྩ་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་དང་ཐུགས་ཁུར་གནང་བར་རག་ལས་ལ། དེ་ནི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མགོ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ཁག་ཁྱད་སེལ། འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཡིན་པ་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ནུས་ལྡན་ལྟ་སྐུལ་དང་རྒྱབ་སྐྱོར་ཆེན་པོ་བྱས་པའི་མཇུག་འབྲས་ཡིན། ལྷག་པར་དུ་རྨ་སྟོད་དང་མིན་ཡོན་གྱི་ཡོམ་འགོག་རྒུད་སྐྱོབ་དང་ཟི་ལིང་དང་མཚོ་ཤར་གྱི་རིམས་ནད་འགོག་སྡོམ་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་དང་ལྷག་པར་དུ་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྙིང་རུས་ཆེར་སྐྱེད་དང་ཡིད་ཆེས་བརྟན་པོ། མཐུན་སྒྲིལ་དང་བྱམས་སྐྱོང་། ཁག་ཁུར་དང་བྱས་རྗེས་འཇོག་པ། མགྱོགས་མྱུར་ངང་བྱེད་ཐབས་སྤྱད་པ་དང་བརྩོན་སེམས་ཆེན་པོ་བཅངས་པ། ཕྱོགས་སོ་སོས་གོ་མ་ཐག་ཏུ་འགུལ་སྐྱོད་སྤེལ་ཞིང་ས་གནས་སོ་སོས་ཕན་ཚུན་ལ་རོགས་སྐྱོར་བྱས་པ། རྡོག་རྩ་གཅིག་སྒྲིལ་བྱས་པའི་བསམ་བློའི་སྙིང་སྟོབས་ལས་ཡོམ་འགོག་རྒུད་སྐྱོབ་སྙིང་སྟོབས་དང་རླབས་ཆེན་རིམས་འགོག་སྙིང་སྟོབས་གསོན་ཉམས་ལྡན་པར་མངོན་པར་བྱས་ཡོད་པས། ཀུན་གྱིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཧ་ཅང་བཟང་ཞིང་རྒྱ་ཆེའི་སྨན་བཅོས་མི་སྣ་དང་རྒུད་སྐྱོབ་མི་སྣ། མི་དམངས་ཀྱི་སྤུན་ཟླ་དམག་བཅས་ཧ་ཅང་བཟང་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ངོ་མས་ངར་བ་རེད་ཅེས་གཟེངས་བསྟོད་བྱེད་བཞིན་ཡོད། 

  ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ད་ལོ་ནིལོ་ལྔའི་འཆར་གཞི་བཅུ་བཞི་པལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱས་ཏེ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།   འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་སྔར་ལས་སིམ་འདྲེས་ཡོང་བར་བྱེད་པ་དང་དེར་ཞབས་འདེགས་གང་ལེགས་ཞུ་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བརྟན་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བ་མུ་མཐུད་བཟང་པོར་སྒྲུབ་པ། དམངས་འཚོས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི“ས་བཞི”གང་མགྱོགས་ཀྱིས་བསྐྲུན་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་རྒྱུག་འོས་འཚམ་གྱི་བར་སྟོང་དུ་གནས་པ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

ད་ལོའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང5.5%ཡས་མས་འཕར་བར་བྱེད་རྒྱུ་དང་། གྲོང་རྡལ་དུ་མི་ཁྲི6གསར་དུ་བྱ་བར་ཞུགས་ཐུབ་པར་བྱེད་པ། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི105ལས་ཞུགས་སྤོ་སྒྱུར་བྱེད་པ། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་དེ་ལོ་ཧྲིལ་པོར3.5%དང5.5%ཡི་མན་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང3%ཡས་མས་འཕར་བར་བྱེད་པ། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཉིས་གཞི་རྩའི་ཆ་ནས་གོམ་སྟབས་མཉམ་པར་བྱེད་པ། འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ཁྲི107ཡན་དུ་སྲུང་འཛིན་བྱེད་པ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཞིང་ཆེན་བརྒལ་བའི་བཅད་ངོས་ཀྱི་ཆུ་སྤུས་རིགས་གཉིས་པའི་ཡན་དུ་སྲུང་འཛིན་བྱེད་པ། ཙོང་ཆུ་ཞིང་ཆེན་ལས་བརྒལ་བའི་ཆུ་ཁོངས་ཀྱི་ཆུ་སྤུས་རིགས་གསུམ་པའི་ཡན་དུ་སྲུང་འཛིན་བྱེད་པ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ལེགས་ཉིན་གྲངས་ཀྱི་བསྡུར་ཚད95%ཡན་ཟིན་པར་བྱེད་པ། ནུས་ཁུངས་ཟད་ཚད་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་ཡུན་ནང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་ཡོད་པའི་དམིགས་འབེན་དུ་སླེབས་པར་བྱེད་པ། བཙོག་རྫས་གཙོ་བོ་ཕྱིར་གཏོང་ཚད་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་དུ་ཚོད་འཛིན་བྱེད་པ་བཅས་ཡིན།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། གོང་གསལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ངེས་པར་དུ་བརྟན་པོ་གཙོ་བོར་འཛིན་རྒྱུ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་བྱ་བ་ཡག་པོར་སྒྲུབ་དགོས། གཅིག་ནི་སྟོབས་ཤུགས་གཅིག་སྒྲིལ་གྱིས“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས། དོན་དངོས་དང་ཟུང་དུ་སྦྲེལ་ཞིང་དགེ་སྤེལ་སྐྱོན་སྤོང་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གང་མགྱོགས་སྒོས་སྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མགྱོགས་མྱུར་གྱིས་སྐྲུན་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་མགྱོགས་མྱུར་གྱིས་སྐྲུན་པ། གསར་དར་ཐོན་ལས་ཧུར་ཐག་གིས་གསོ་སྐྱོང་བྱེད་པ། ནང་མཁོའི་མི་མངོན་པའི་ནུས་ཤུགས་རྒྱུན་མཐུད་ངང་གློད་པ། གོམ་སྟབས་རེ་རེ་བཞིན་ཏན་ཏིག་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁོངས་རེ་རེར་བཀྲག་མདངས་བསྣན་པར་མ་ཟད་ཕྱོགས་ཡོངས་ལ་བྱས་རྗེས་འཇོག་དགོས། གཉིས་ནི་ནུས་ཤུགས་གཅིག་སྒྲིལ་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་དམིགས་པ་དང་། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ལ་ལྟ་སྲུང་བྱ་རྒྱུ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་ལ། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་བཅངས་ནས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལེགས་པོ་དང་། འཛམ་གླིང་གི་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཆུ་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་ལ་རྒྱུན་མཐུད་ཀྱིས་སྐུལ་འདེད་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་བྱ་བ་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པར་གཅིག་གྱུར་འཆར་འགོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་མགྱོགས་མྱུར་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གསུམ་ནི་སྟོབས་ཤུགས་གཅིག་སྒྲིལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེ་རུ་འཇུག་པ། གསར་གཏོད་ཀྱི“སྣ་ཐག”དམ་པོར་འཛིན་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་འབུར་དུ་དོད་པ། གསར་སྐྲུན་མ་ལག་དང་གསར་སྐྲུན་ནུས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ལག་རྩལ་གལ་ཆེན་གྱི་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་གསར་སྐྲུན་གསོན་ཤུགས་འཕེལ་བར་བྱེད་པ། འཇོན་མིའི་བྱ་བ་ལེགས་པོར་སྒྲུབ་པ། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། བཞི་ནི་ནུས་ཤུགས་གཅིག་སྒྲིལ་གྱིས་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བར་དམིགས་ཏེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་གཞི་རྩ་བརྟན་པོ་ཡོང་བ་དང་། “ཞིང་གསུམ”གྱི་རྨང་རྡོ་ཡག་པོར་སྲུང་བ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་ལ་འགན་སྲུང་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་ཐོན་ལས་བརྟན་བརླིང་དང་མཁོ་སྤྲོད་ལ་འགན་སྲུང་། རོང་འབྲོག་པའི་ཡོང་སྒོ་བརྟན་པོར་འཕར་བ། ཞིང་སྡེ་བརྟན་བརླིང་འཆམ་མཐུན་ཡོང་བར་ཁག་ཐེག་བཅས་བྱེད་དགོས། ལྔ་ནི་ནུས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་བཏང་སྟེ་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་དགོས། བཅོས་སྒྱུར་ལ་བརྟེན་ནས་དཀའ་གནད་སྒྲོལ་བ་དང་སྒོ་འབྱེད་ལ་བརྟེན་ནས་སྟོབས་ཤུགས་སྒྲིལ་བ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་སྔར་ལས་བེད་སྤྱོད་ལེགས་པོ་བྱས་ཏེ་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་དངོས་འབེབས་གཏིང་ཟབ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཁྲོམ་རའི་གཙོ་གཞི་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས། དྲུག་ནི་ནུས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་པར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། མི་རིགས་སོ་སོའི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་པ། མི་རིགས་སོ་སོས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ། མི་རིགས་སོ་སོ་རྒྱ་ཁྱབ་ཏུ་འགྲོ་འོང་དང་བརྗེ་རེས་སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་བ། ལོ་ངོ་སྟོང་ཕྲག་གི་རིང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མི་རིགས་སོ་སོས་དུས་རབས་གོམ་སྟབས་ཀྱི་རྗེས་སུ་བསྙེགས་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་ཡར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས། བདུན་ནི་ནུས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ལ་དོན་བཟང་བསྒྲུབ་རྒྱུ་དང་། དོན་དངོས་བསྒྲུབ་རྒྱུ་དང་དཀའ་གནད་སེལ་རྒྱུར་དམིགས་ཏེ་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་མང་དུ་གཏོང་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི“དཀའ་ཞིང་བྲེལ་ལ་སེམས་ཁྲལ་དང་རེ་སྒུག་བྱེད་ཀྱིན་པ”ཡི་གནད་དོན་ལ་དམིགས་ཏེ་དམངས་འཚོའི་དོན་དངོས་སྒྲུབ་པའི་ལས་གཞི་ལག་བསྟར་དང་། ལས་ཞུགས་སྤུས་ཚད་དང་ཡོང་སྒོའི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་ཀྱི་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་བ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་ལྟ་སྐྱོང་བྱེད་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། བདེ་འཇགས་མཚོ་སྔོན་སྐྲུན་པར་སྐུལ་འདེད་གཏོང་བ་དང་དམངས་ཀྱི་སེམས་ཁྲལ་དང་རེ་སྒུག་ངེས་པར་ལག་ལེན་བསྟར་ཐུབ་པ་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་ཞིབ་ཕྲ་སྒྲུབ་དགོས། 

ཞིན་ཁྲང་ཞིང་གིས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ནི་ས་གནས་ཀྱིས་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་ལ། མཚོ་སྔོན་གྱིས་སྔར་བཞིན་དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་སྟེ། དམག་སྲིད་དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བར་སྐུལ་འདེད་གཏོང་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པར་བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། རྒྱུན་མཐུད་ངང་ཤུགས་བཏོན་ནས་བྱ་བའི་སྤྱོད་ཚུལ་བསྒྱུར་དགོས། ནམ་ཡང་སྲོལ་བཟང་སྲིད་གཙང་གི་རང་མདངས་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་གཞུང་དོན་སྒྲུབ་མཁན་ཚོས་ངེས་པར་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བརྩེ་སེམས་བཅངས་པ་དང་། བླ་མེད་འཚོལ་ཞིབ་བྱེད་པའི་བསམ་བློ་བཅངས་པ། འཇོན་ཐང་ཇེ་ཆེར་གཏོང་བའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་ལ་བརྟེན་ནས། ཏང་དང་དཀའ་སྡུག་མཉམ་ཁུར་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ། མི་དམངས་ཀྱི་ཆེད་དུ་བློས་གཏོང་ཕོད་པར་བྱས་ཏེ། ཧུར་ཐག་གིས་ཏང་དང་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས། 

ཞིན་ཁྲང་ཞིང་གིས་མཇུག་མཐར་བཤད་རྒྱུར། དུས་རིམ་གསར་པར་ཞུགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལེགས་པོར་བསྐྱོད་པའི་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་རེ་བ་ཆེན་པོ་བཅངས་ཡོད་པ་དང་། མཐོ་སྒང་གི་རིགས་སོ་སོའི་མི་དམངས་ཀྱིས་ང་ཚོར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་པ་དང་། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

 ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་འབྲེལ་ཡོད་འབུམ་ཤོག་རིམ་པའི་དམག་དཔུང་།  ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབང་མོ་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པ་དང་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་དང་། མཚོ་སྔོན་དུ་ཡོད་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།