ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་དང་ཨུ་ཡོན་ཚོས་བློ་འདོན་ཇུས་འབུལ་བྱེད་པ་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་ལེའུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།


471d4231-1a2c-4222-95c0-65803515c8f0.tif.jpg

      འབྲུག་འབུམ་རྒྱལ།  མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་རྫོང་དཔོན། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ས་ཁུལ་གྱི་ལྟེ་བ་ཡིན་པའི་ཆ་ནས། ཞིན་ཧེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། “རྒྱལ་ཁབ་ཀྱི་ཇུས་ཆེན”ཡིད་ལ་བརྟན་པོར་བཅིངས་ནས་། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་བཤད། 

10a813d2-829d-4ecf-81d4-7245ca956c39.tif.jpg

     ཀང་ཧྥུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རྫོང་དཔོན། ཧོ་ནན་རྫོང་གིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་སྲུང་སྐྱོང་གི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གཏིང་ཟབ་སྒོས་མཐའ་འཁྱོངས་བྱེད་པ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་དམིགས་པ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་སྟེང་སྔོན་དུ་སྐྱོད་པ་བཅས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་རྒྱུ་དེ་མིང་དོན་མཚུངས་པའི“རྒྱལ་ཁབ་ཀྱི་ཇུས་ཆེན”ཞིག་ཏུ་འགྱུར་བར་བྱེད་རྒྱུ་ཡིན་ཞེས་བཤད།

3d9afbf5-9b9c-4ae4-9610-47d495308ce9.tif.jpg

      ཚེ་རིང་སྒྲོལ་མ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཤང་ཧ་ལུང་སྡེ་བའི་སྡེ་མི། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱས་ཡོད་ལ། རྗེས་ཕྱོགས་སུ་སྔར་ལས་ལྷག་པར་རང་འགུལ་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་དོན་དུ་ཞུགས་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཀུན་ལ་ཕན་པའི་དམངས་འཚོའི་གཞི་རྩར་འགྱུར་བར་འབད་པ་བྱེད་རྒྱུ་ཡིན་ཞེས་བཤད། 

1abe9c4c-34c4-42be-94ce-b8a5a389c9e6.tif.jpg

     ཚའོ་ཧའེ་ལིན།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་།ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིན་ཆེན་མོ་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རེན་ཨུ་ཡོན་གཞོན་པ།

      མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ་ནི་གོ་སྐབས་རང་བཞིན་དང་བསྐྱར་འཛུགས་རང་བཞིན།དགོས་གཏུག་རང་བཞིན་བཅས་ཀྱི་འཕོ་འགྱུར་ཞིག་ཡིན་པས། སྔར་བྱུང་མ་མྱོང་བའི་དཀའ་གནད་མང་པོ་སེལ་དགོས་ཤིང་། མཚོ་སྔོན་ནི་སྐྱེ་ཁམས་དམིགས་བསལ་ས་ཁུལ་དུ་བརྩིས་ནས་འཛུགས་སྐྲུན་བྱེད་པ་དེ་བརྩོན་ལེན་བྱས་ཏེ། དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་གསར་གཏོད་དང་སྒྱུར་བཅོས་ཚོད་ལྟ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བྱེད་དགོས་ཞེས་བཤད། 

dc18ee21-a513-4403-a09b-16fd65a6c8eb.tif.jpg

       ཚའོ་ཀོང་ཁྲའོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ། 

     ང་ཚོས་ལེགས་ཆ་འདོན་སྤེལ་དང་ཞན་ཆ་ཁ་གསབ་བྱས་ནས། སྔར་བས་ཚད་ལྡན་དང་ཕན་ནུས་ཆེ་བའི་དོ་དམ་སྒྲིག་སྲོལ་འཛུགས་དགོས་པ་དང་། སྲིད་གཞུང་དང་སྤྱི་ཚོགས། སྡོད་མི་བཅས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཁོར་སྐྱོད་ལམ་སྲོལ་གསར་གཏོད་བྱས་ཐོག ཧུར་ཐག་སྒོས་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོ། ཐོན་ལས་དམིགས་བསལ་ཚོང་གཉེར་སོགས་ཀྱི་ལས་དོན་འཚོལ་ཞིབ་བྱེད་དགོས་པ་སོགས་སྐྱེ་ཁམས་དང་ཐོན་སྐྱེད།འཚོ་བ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་བཤད། 

48aa6f13-0720-4778-8521-e168df32a3b5.tif.jpg

       ཀྲང་མིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།

      སྔོན་ཆད་ཆུ་བོར་མཐོང་ཆེན་བྱེད་པ་དང་རི་བོར་སྣང་མེད་དུ་གཏོང་བའི་སྣང་ཚུལ་མེད་པར་བཟོས་ནས། མཚོ་སྔོན་ཞིང་ཆེན་གྱི་རིའི་ཐོན་ཁུངས་ལ་གསེད་བཀྲོལ་བྱེད་པ་དང་། གཞི་གྲངས་མཐིལ་རྟོགས་བྱས་ཏེ་ས་ཁོངས་སྐྱེ་ཁམས་མ་ལག་ཁྲོད་ཀྱི་ནུས་པ་དང་དངོས་ཡོད་རིག་གནས་རིན་ཐང་ལ་ཞིབ་འཇུག་བྱས་པ་བརྒྱུད། གནས་་བབ་དང་བསྟུན་ཅི་ཐུབ་བྱས་ཐོག་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་ལེན་བྱེད་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།