ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་ཚན་ཆུང་བགོས་ནས་གྲོས་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་རྣམས་ཚན་ཆུང་བགོས་ནས། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་སྲིད་གྲོས་སྐབ་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས། 

ཚན་ཆུང་གྲོས་ཞིབ་ཁྲོད། ཨུ་ཡོན་རྣམས་ཀྱིས་ལོ་གཅིག་གི་རིང་ལ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་བྱས། ཚང་མའི་བསམ་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་གསར་པ་མངོན་འགྱུར་བྱེད་པར་སྒོ་འབྱེད་པའི་ལོ་དང་པོ་ཡིན་པར་མ་ཟད། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་རྩོམ་པའི་ལོ་ཡང་ཡིན། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་པར་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་འགན་ལག་བསྟར་བྱེད་པའི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་ལ་དམ་པོར་དམིགས་པ། སྲིད་གྲོས་ཀྱི་ལས་དོན་ཁག་སོ་སོར་གྲུབ་འབྲས་གསར་པ་བླངས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ལ་བློ་གྲོས་དང་སྟོབས་ཤུགས་ཕུལ། སྙན་ཞུ་གཉིས་ནི་བདེན་འཚོལ་དངོས་གཉེར་ཡིན་ཞིང་། འདས་པའི་ལོ་གཅིག་གི་གྲུབ་འབྲས་སྤྱི་སྡོམ་བྱས་པ་ཁྱོན་ཡོངས་དང་དོན་དངོས་ལ་མཐུན་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགེ་མཚན་འབུར་དུ་དོད་པ། ལོ་གསར་པའི་སྲིད་གྲོས་བྱ་བ་བཀོད་སྒྲིག་བྱས་པ་དུས་བསྟུན་མདུན་སྐྱོད་དང་དམིགས་འབེན་གསལ་པོ་ཡིན། སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་འདོན་པ་དང་དུས་རབས་གསར་པའི་སྲིད་གྲོས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་བསམ་གཞིག་གསར་པ་འདོན་པར། སྟོབས་དང་ལྡན་པའི་ཁ་གཏན་རང་བཞིན་དང་མཛུབ་སྟོན་རང་བཞིན། བཀོལ་སྤྱོད་རང་བཞིན་ལྡན་ཞིང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁག་ཁུར་བྱས་འབྲས་དང་དྲང་སྲུང་གསར་གཏོད་ཀྱི་རྣམ་པ་གསར་པ་མངོན་པར་བྱས། 

ཨུ་ཡོན་རྣམས་ཀྱིས་བསྟན་དོན། 2022ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྩ་འཛིན་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོག་ལ་ཉེ་བའི་སྐབས་འདིར། མི་དམངས་སྲིད་གྲོས་ཀྱི་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཏང་འཛུགས་སྙིང་སྟོབས་ཆེན་མོ་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་དོན་གཙོ་བོ་གཉིས་འབུར་དུ་དོད་པ། གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་ དམངས་གཙོ་ལྟ་རྟོག སྲིད་ཞུགས་སྲིད་གླེང་གི་བྱེད་ནུས་བཅས་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པར་ངོས་ཟིན་གཅིག་བསྡུས་བྱེད་དགོས། ལྟེ་བའི་གནས་ས་དང་ཆེ་ཕྱོགས་ཀྱི་དགོས་མཁོ་དེ་སྲིད་གྲོས་ཀྱི་བྱེད་ནུས་དང་སྐྱེ་ལྡན་ཟུང་འབྲེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གནས་བརྒྱུད་སྤྲོད་བྱེད་པ། འབད་བརྩོན་གྱི་ཉམས་འགྱུར་དང་གཟབ་ནན་གྱི་སྤྱོད་པས་འགན་སྒྲུབ་ནན་ཏན་བྱེད་པ།  སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་གཏིང་ཟབ་མོས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་སྤོབས་པ་ཆེན་པོས་རྩོམ་པར་འབད་དེ། རྨད་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།