ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས20ཉིན་གྱི་ཕྱི་དྲོར། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོ་ནས་གྲ་སྒྲིག་ཚོགས་འདུ་འཚོགས། མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་སྟེང་ཞུགས་དགོས་པའི་འཐུས་མི393ཡོད་པ་དང་། གྲ་སྒྲིག་ཚོགས་འདུར་ཞུགས་པའི་འཐུས་མི367ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་། མཱ་ཝེ། ཉའོ་ཁྲེང་ཡུང་། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས་པ་དང་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
ཀྲང་ཀོང་རུང་གིས་ཚོགས་འདུར་མགོ་མཛིན་གནང་། ཚོགས་འདུའི་གྲོས་རིམ་བསྡོམས་པས་ཁག་གསུམ་ཡོད་དེ།
གཅིག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམས་བསྐོ།
གཉིས། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་པ།
གསུམ། འཐུས་མི་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུ།
ཚོགས་འདུའི་ཐོག་གོང་གསལ་གྱི་གྲོས་རིམ་གསུམ་ལ་གྲོས་འཆམ་བྱུང་། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་གྲ་སྒྲིག་ཚོགས་འདུ་འཚོགས་པ།