ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས20ཉིན། རྒྱལ་ཡོངས་དམག་བསྡུའི་ལས་དོན་གྲོས་ཚོགས་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་གྱིས་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས། གྲོས་ཚོགས་སྟེང་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་དམག་བསྡུ་བྱ་བར་ཕྱིར་དྲན་དང་སྤྱི་སྡོམ་བྱས་ཏེ་ད་ལོའི་དམག་བསྡུ་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་སི་ལིན་ཡོན་ལིའུ་ཀི་ཕིང་དང་། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་དམག་བསྡུའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དབྱང་ཀྲི་ཝུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་འབྲེལ་ཡོད་གཏམ་བཤད་གནང་། ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་དང་ཆབ་སྲིད་ཨུ་ཡོན་ཡུས་ཧྲོའུ་ཆང་གྲོས་ཚོགས་སུ་ཞུགས་ཡོད་པ་མ་ཟད། གཟེངས་བསྟོད་བརྡ་ཁྱབ་སྒྲོག་འདོན་བྱས་ཤིང་། ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་སི་ལིན་ཡོན་གཞོན་པ་རྣམ་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་།

གྲོས་ཚོགས་སྟེང་བསྟན་དོན། ད་ལོ་ནི་ལོ་གཅིག་ནང་ཐེངས་གཉིས་ལ་དམག་བསྡུའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་མཐོ་རུ་གཏོང་བའི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་ཡིན། རིམ་པ་སོ་སོས་ལོ་རྒྱུས་ཀྱི་གདེང་ཚོད་སྲ་བརྟན་དུ་གཏོང་བ་དང་། དམག་བསྡུའི་ལས་དོན་སྒྱུར་བཅོས་གསར་གཏོད་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ནས་དམག་བསྡུའི་ལྷུ་ཚིགས་ཁག་དང་དུས་མཚམས་ཁག་གི་ལས་དོན་སྤྱི་འདོམས་ལེགས་པར་བསྒྲུབ་པ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་དམག་བསྡུའི་ལས་དོན་གྱི་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དམག་བསྡུའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི། རིམ་པ་སོ་སོས་ལོ་གཅིག་ནང་ཐེངས་གཉིས་ལ་དམག་བསྡུ་བའི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུའི་དམག་བསྡུའི་བཀའ་རྒྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། དམག་བསྡུའི་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་དམག་བསྡུའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམིགས་ནས་དམག་བསྡུའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་མཐོ་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་དམག་བསྡུའི་ལས་དོན་སྒྲིག་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ། རིམ་པ་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཟང་པོ་བྱས་ཏེ། དམག་བསྡུའི་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱས་ནས་མཐའ་གཅིག་ཏུ་དམག་བསྡུའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པར་བསྟན།

ཞིང་ཆེན་དམག་བསྡུའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས་ཡོད། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཡན་ལག་ཚོགས་རའི་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།