ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མིར་འཚམས་འདྲི་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་གྱི་མགོ་ཁྲིད་འཐུས་ཚབ་ཚོགས་པ་སོ་སོར་སོང་ནས། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་འཐུས་མིར་འཚམས་འདྲི་བྱས། 

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཝུའུ་ཞའོ་ཅུན་སོགས་ས་གནས་གང་དུ་ཐོན་དུས་འཐུས་མི་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས་པ་མ་ཟད། འཐུས་མི་སོ་སོས་ཞིང་ཆེན་དམངས་ཆེན་འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོའི་ཡར་སྐུལ་དང་བདེ་སྐྱིད་སྐྲུན་པའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་བསྟན་དོན། ད་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་བ་བསྡུ་བ་དང་ད་ལོའི་བྱ་བ་སོ་སོ་ལེགས་པོར་སྒྲུབ་པར་དོན་སྙིང་ཆེས་ཆེར་ལྡན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཚོགས་ཆེན་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ལ། དམངས་ཆེན་འཐུས་མི་ཡོངས་ཀྱིས་ཞིང་ཆེན་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་རེ་བཅོལ་བྱས་ཡོད་ལ། ལས་འགན་གཟི་བརྗིད་ཆེ་ཞིང་། འགན་འཁྲི་ལྕི། སེམས་སུ་མི་དམངས་ཡོད་པ་དང་། སེམས་སུ་མཚོ་སྔོན་ཡོད་པ། སེམས་སུ་འགན་འཁྲི་ཡོད་པར་བྱས་ཏེ། ཏན་ཏིག་གིས་འགན་འཁྲི་དང་ལས་འགན་ལག་བསྟར་བྱས་ནས། བློ་གྲོས་འདོན་སྤེལ་དང་སྲིད་ཞུགས་སྲིད་གླེང་བྱས་ཏེ། བསམ་བློའི་མེ་ལྕེའི་ཁྲོད་འོད་སྣང་འཚེར་དུ་འཇུག་དགོས་ཤིང་། གཏན་འཇགས་ཀྱི་ཡིག་འབྲུ་དེ་གཏན་འཇགས་ཁྲོད་ཡར་སྐུལ་གྱི་བྱེད་ཐབས་ཁྲོད་ངོས་འཛིན་གཅིག་མཐུན་འགྱུར་བར་བྱས་ནས། གྲོས་ཚོགས་སུ་གཡུར་དུ་ཟ་བའི་གྲུབ་འབྲས་དེ་དོན་འཁྱོལ་གྱི་བྱེ་བྲག་ཏུ་འགྱུར་བ་དང་། ཞིང་ཆེན་དམངས་ཆེན་དེ་མཐུན་སྒྲིལ་དང་རྒྱལ་ཁའི་ཚོགས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན། 

འཐུས་མི་ཚོས་གཅིག་མཐུན་སྒོས། ཆབ་སྲིད་ཀྱི་འགན་འཁྲི་དང་རྣམ་འགྱུར་གྱིས་ཏན་ཏིག་གིས་འགན་ནུས་ལག་བསྟར་དང་། ཚོགས་ཆེན་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་དང་དམངས་ཀྱི་འདོད་བློ་མཚོན་ནས། རིམས་ནད་འགོག་སྡོམ་གྱི་བླང་བྱ་དོན་འཁྱོལ་བཟང་བོ་བྱས་ཏེ། ཚོགས་ཆེན་གྱི་ལས་འགན་སོ་སོ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་རྒྱུ་ཡིན་ཚུལ་བསྟན། 

ཡུས་ཚུང་ལི་དང་ཀྲང་ཀོང་རུང་། མཱ་ཝེ། ཉའོ་ཁྲུན་ཡུང་། དབྱང་ཀྲི་ཝུན་བཅས་ཀྱིས་མཉམ་དུ་འཚམས་འདྲིའི་ཁྲོད་ཞུགས།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།