ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཐའོ་ཡིས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་ས་ཞིང་ལྟ་སྐུལ་ཞིབ་བཤེར་ལན་སློག་གནད་དོན་ལེགས་བཅོས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་མདོ་བ་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཕིན་ཨན་གྲོང་རྡལ་དུ་སོང་ནས། ས་ཞིང་ལྟ་སྐུལ་ཞིབ་བཤེར་གནད་དོན་ལེགས་བཅོས་གནས་ཚུལ་ལ་རྟོག་ཞིབ་དང་། ཡུལ་དངོས་ནས་ལེགས་བཅོས་མྱུར་ཚད་ལ་བལྟས་པ་དང། བྱེད་ཐབས་སྙོམ་སྒྲིག་དང་སྐུལ་འདེད་དོན་འཁྱོལ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། རྗེས་མའི་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན། 

ལིག་ཐའོ་ཡིས་བསྟན་དོན། ས་ཞིང་ལྟ་སྐུལ་ཞིབ་བཤེར་ལན་སློག་གནས་ཚུལ་ལེགས་བཅོས་བྱ་བ་ཏན་ཏིག་གིས་སྤེལ་བ་ནི། རང་བྱུང་ཐོན་ཁུངས་དོ་དམ་གོ་རིམ་ཚད་ལྡན་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམ་འཛིན་བྱེད་པར་འགན་སྲུང་བྱེད་པ་ཡིན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་སྐུལ་ཞི་ཨན་ཅུའུ་ཡི་བླང་བྱ་ལྟར། ཞིབ་བཤེར་དང་ལེགས་བཅོས་དེ་མྱུར་དུ་བྱེད་པ་དང་། ཤེས་མ་ཐག་འཕྲལ་དུ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་ཀྱིས། མགོ་ཁྲིད་གཙོ་བོའི་རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཐེངས་མང་པོར་ཡུལ་དངོས་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། “རྩིས་ཐོ་འགེལ་བའི”གནད་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། གསར་བྱུང་གནད་དོན་ལ་ཕན་ནུས་ལྡན་པའི་ཚོད་འཛིན་དང་། བྱ་བ་ལེགས་བཅོས་ཐད་ཕན་འབྲས་མངོན་གསལ་བླངས། འོན་ཀྱང་གནད་དོན་སྐོར་ཞིག་ལ་བྱ་བའི་ཤུགས་ཚད་ཆེ་རུ་བཏང་ནས། གཟབ་ནན་དང་དངོས་གཉེར་མཉམ་སྤྱོད་བྱེད་པ་དང་། སྤུས་ཚད་དང་ཕན་འབྲས་མཉམ་སྤྱོད་ཀྱིས། དུས་ཚོད་ཚད་བཀག་ནང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་བཅོས་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ལིག་ཐའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་སྲུང་སྐྱོང་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། གནད་དོན་ལ་ཐད་ཀར་དུ་གདོང་གཏད་དེ། འགལ་བ་ཐག་གཅོད་བྱེད་མཁས་པ་དང་། བཟོད་སྒོམ་ཅི་ཡང་མེད་པའི་རྣམ་འགྱུར་གྱིས། “ཁྲིམས་འགལ་ལ་ཞིབ་བཤེར་བྱེད་མཚམས་མི་འཇོག་པ་དང་། ལེགས་བཅོས་དོན་འཁྱོལ་བྱེད་པའི་བར་དུ་མཚམས་མི་འཇོག་པར་བྱེད་དགོས།” ས་གནས་སོ་སོས་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་དམིགས་འབེན་ལ་དམིགས་ཏེ། རང་འགུལ་སྒོས་གནད་དོན་ལེགས་བཅོས་ཀྱི་གཡུལ་ས་ནས་རྣམ་པར་རྒྱལ་དགོས། འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་སྒོས་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་དང་། མཉམ་འབྲེལ། གནད་དོན་ལེགས་བཅོས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གཅིག་གྱུར་གནད་དོན་ལེགས་བཅོས་དང་དམངས་འཚོའི་འགན་སྲུང་དང་།ཡུལ་བབ་དང་བསྟུན་པ། གནད་ཁེལ་ལག་བསྟར། གཏན་འཇགས་ངང་སྐུལ་འདེད་བཏང་སྟེ། སྲིད་ཇུས་ལག་བསྟར་བྱས་པ་ཁ་ཕྱོགས་མི་ནོར་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་མི་རེག་པར་བྱས་ཏེ། ལེགས་བཅོས་ཕན་འབྲས་ལ་ཞིབ་བཤེར་གྱི་ཉམས་ཚོད་ལེན་ཐུབ་པར་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།