ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ།

 (2022ལོའི་ཟླ1པོའི་ཚེས20ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བདུན་པའི་གྲ་སྒྲིག་ཚོགས་འདུ་ལས་གྲོས་འཆམ་བྱུང)

གཅིག སྲིད་གཞུང་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ།

གཉིས། མཚོ་སྔོན་ཞིང་ཆེན་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་ཐོབ་པ།  མཚོ་སྔོན་ཞིང་ཆེན་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལ་ཆོག་མཆན་ཐོབ།

གསུམ། མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་ཐོབ་པ། མཚོ་སྔོན་ཞིང་ཆེན་གྱི2022ལོའི་ཞིང་ཆེན་གྱི་རིམ་པ་འདིའི་སྔོན་རྩིས་ལ་ཆོག་མཆན་ཐོབ་པ། 

བཞི། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས།

ལྔ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས།

དྲུག མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས། 

བདུན། འདེམས་བསྐོ། 

བརྒྱད། གཞན་དག 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།